རྒྱ་གཞུང་གིས་བོད་རེབ་གོང་བྱམས་པ་ཆོས་འཕེལ་ལགས་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༢༤ ཟླ་༩ ཚེས་༢༥ ཉིན་སྤེལ། བོད་མདོ་སྨད་རེབ་གོང་ནས་ཡིན་པའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་འདི་ལོའི་གསུམ་བཅུ་དུས་དྲན་ཉིན་ལ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཚན་པ་ཤིག་སྐད་འཕྲིན་ཐོག་བརྒྱུད་འགོད་གནང་བར་བརྟེན། རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་མ་ཟད། ཉེ་ཆར་ཁྲིམས་ཁང་ཞིག་གིས་ཁོང་ལ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག