བོད་ཀྱི་གླུ་བ་ཨ་སངས་ལགས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་གྱུར་ཡོད་འདུག
ཕྱི་ལོ་༢༠༢༥ ཟླ་༧ ཚེས་༢༡ ཉིན་སྤེལ། ཉེ་ཆར་རྒྱ་དམར་གཞུང་གིས་བོད་མདོ་སྨད་རྔ་བ་ནས་ཡིན་པའི་གླུ་བ་ཨ་སངས་ལགས་འཛིན་བཟུང་བཙན་ཁྲིད་བྱས་ནས་བདུན་ཕྲག་གཉིས་ལྷག་ཕྱིན་ཡོད་ཀྱང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཁོང་དང་ཁོང་གི་གྲོགས་པོ་གཉིས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྐབས་དྲ་ཐོག་ནས་ཞི་བདེའི་རྒྱལ་སྲས་ཞེས་པའི་༸གོང་ས་མཆོག་ལ་བསྟོད་གླུ་ཞིག་བླངས་རྗེས་ཁོང་འཛིན་བཟུང་བྱས་ཡོད་འདུག