02
Thu, May

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་འཚོ་མོ་དང་། ལས་རོགས་བསྟན་འཛིན་ཟླ་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ལོའི་ཟླ་༢་ཚེས་༢༣ཉིན། རྡ་སའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས། མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཏེ། བོད་ནང་དུ་རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་བྱས་པའི་དཔྱད་ཞིབ་སྙན་ཐོ་ཞེས་པའི་དཔེ་དེབ་ཅིག་བཏོན་སོང་། སྙན་ཐོ་དེའི་ནང་དུ། བོད་ནང་དུ་རྒྱ་གཞུང་གིས་འཛུགས་སྐྲུན་གྱི་ལས་འཆར་བཙན་སྤེལ་བྱེད་པ་དང་། དེའི་དམིགས་ཡུལ་ནི་དམར་ཕྱོགས་གཞུང་གི་ཁེ་ཕན་དང་། ཆབ་སྲིད་ལས་དོན། བོད་རིགས་རྒྱ་སྒྱུར་བྱེད་ཐབས་སོགས་ཡིན་སྐོར་བརྗོད་འདུག

རྒྱ་གཞུང་གིས་བོད་ནང་ལ་འཛུགས་སྐྲུན་བྱེད་བཞིན་པ་དེ་ནི། དམར་ཕྱོགས་གཞུང་གི་ཁེ་ཕན་དང་ཆབ་སྲིད་ལས་དོན་གཙོ་བོར་བཟུང་ཡོད་པ་དང་། བོད་རིགས་རྒྱ་སྒྱུར་བྱེད་ཐབས་ཤིག་ཡིན་སྐོར་བརྗོད་པར་མ་ཟད། བོད་ཡུལ་རྒྱ་དམར་གཞུང་གི་རྣམ་པ་ཅན་གྱི་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་ས་དང་། ངོམ་སོ་བྱེད་ས། འགྲེམས་སྟོན་ཁང་ལྟ་བུ་ཞིག་ཏུ་སྒྱུར་ཡོད་སྐོར་བཀོད་འདུག་ལ། ད་དུང་རྒྱ་གཞུང་གི་རྣམ་པ་ཅན་གྱི་ཡར་རྒྱས་འཛུགས་སྐྲུན་དེ་འཛམ་གླིང་གང་སར་སྤེལ་བཞིན་པ་དང་དེ་ཁས་ལེན་བྱེད་མི་རུང་བ་སོགས་ཀྱི་སྐོར་ཡང་བརྗོད་འདུག

སྙན་ཐོ་དེར་བཀོད་པ་ལྟར་ན། ད་ཆར་རྒྱ་གཞུང་གི་རྣམ་པ་ཅན་གྱི་ཡར་རྒྱས་འཛུགས་སྐྲུན་དེ་རྒྱུད་གཅིག་ལམ་གཅིག་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་སྤེལ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་དང་། ཡར་རྒྱས་འཛུགས་སྐྲུན་གྱི་ཐོབ་ཐང་བརྩོན་ལེན་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་དཔེ་མཚོན་རང་བཞིན་གྱི་ཡར་རྒྱས་འཛུགས་སྐྲུན་གྱི་ལེགས་ཉེས་གསལ་བོར་ཤེས་རྟོགས་གནང་རྒྱུ་གལ་ཆེན་པོ་རེད། ཅེས་རྒྱ་གཞུང་གི་དམིགས་ཡུལ་ཅན་གྱི་ཡར་རྒྱས་འཛུགས་སྐྲུན་དེའི་ངོ་བོ་ཤེས་དགོས་པའི་སྐུལ་མ་ཡང་གནང་འདུག

བོད་ནང་དུ་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ལ་ཞིབ་འཇུག་བྱས་པར་བརྟེན་གོ་ལ་ཡོངས་ལ་འདི་ལྟར་ཛ་དྲག་གི་ཉེན་བརྡ་བཏང་དོན། བོད་ནང་དུ་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་སྲིད་ཇུས་སྤེལ་བར་ཞིབ་འཇུག་གིས། སྙན་ཐོ་འདིའི་ནང་དུ་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་དང་དེའི་གོ་ལ་རང་བཞིན་གྱི་དཔེ་མཚོན་ལ་བབ་བསྟུན་དང་ཁས་ལེན་བྱ་མི་རུང་བའི་ཛ་དྲག་གི་ཉེན་བརྡ་བཏང་ཡོད། ཅེས་གསལ་འདུག

རྒྱ་གཞུང་གི་དམིགས་བྱ་དངོས་ནི་ཡར་རྒྱས་འཛུགས་སྐྲུན་གྱི་དཔེ་མཚོན་འུད་སྒྲོག་བྱེད་ཐབས་གཅིག་པུ་ཙམ་མིན་པར། ད་དུང་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེའི་ངོ་བོར་སྒྱུར་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཐོབ་ཐང་གི་ལྟ་ཚུལ་དེས། རྒྱལ་སྤྱིའི་ཆབ་སྲིད་དང་། སྤྱི་དམངས། རིག་གཞུང་གི་གཞི་རྩའི་ཐོབ་ཐང་ཁག་ཚང་མ་དཔལ་འབྱོར་འཚོལ་སྒྲུབ་ཐོབ་ཐང་གི་མཐུན་རྐྱེན་འབའ་ཞིག་ཏུ་བསྒྱུར་བའི་ཉེན་ཚབས་བསླངས་ཡོད་སྐོར་ཡང་བཀོད་འདུག

ད་དུང་། རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་སྙོམ་གྱི་གོང་འཕེལ་ཞེས་པའི་འུད་སྒྲོག་དེ་ནི། རྒྱལ་ཚོགས་ཀྱི་ཡར་རྒྱས་འཛུགས་ཐོབ་ཐང་ཐད་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དང་རྦད་དེ་འགལ་བ་ལྟག་སྤྲོད་ཆགས་ཡོད་སྐོར་ཡང་བརྗོད་འདུག

རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ནི་མི་མང་གི་ཐོབ་ཐང་རྡོག་རོལ་དང་མི་མང་གི་བདེ་སྡུག་ལ་བསམ་བློ་མི་གཏོང་བ་ཞིག་ཡིན་པ་ཡང་འཁོད་དོན། རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་དེ་ནི། མི་དམངས་ཀྱི་འཚོ་གནས་དངོས་ལ་བསམ་བློ་མ་བཏང་བར་མགོ་མཇུག་འཆོལ་བའི་ལས་འཆར་རྣམ་གྲངས་མང་པོ་ལག་བསྟར་བྱས་པའི་རྐྱེན་གྱིས། ཟུར་ཕུད་དང་ནུས་མེད་བཟོས་པའི་མི་རིགས་ཁག་སྤྱིའི་ཐོབ་ཐང་བརྡལ་བཤིག་ཐེབས་པའང་གསལ་འདོན་བྱས་ཡོད། ཅེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།