27
Sat, Apr

ཕྱི་ལོ་༢༠༢༣ ཟླ་༩ ཚེས ༩ ཉིན། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་རྒྱ་གར་ལྡི་ལིར་དབུ་འཛུགས་གནང་འདུག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༩་ཚེས་༩ ཉིན། རྒྱ་གར་གཞུང་གི་གོ་སྒྲིག་འོག སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཐེངས་བཅོ་བརྒྱད་པའི་ཚོགས་ཆེན་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུ་འཛུགས་གནང་འདུག དེར་ར་ཤི་ཡ་དང་རྒྱ་ནག་གི་སྲིད་འཛིན་མ་གཏོགས་རྒྱལ་ཁབ་གཞན་གྱི་སྲིད་འཛིན་དང་སྲིད་བློན་རྣམས་ཕེབས་ཡོད་འདུག ཚོགས་ཆེན་དེར་གཙོ་བོར་འཛམ་གླིང་ནང་ཁོར་ཡུག་ཡར་རྒྱས་དང་གནམ་གཤིས་འགྱུར་ལྡོག་སྐོར། རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་སོགས་ཀྱི་སྐོར་གླེང་རྒྱུ་ཡིན་འདུག

དེ་ཡང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཚོགས་ཆེན་ནི་ཕྱི་ལོ་༢༠༢༣་ཟླ་༩་ཚེས་༩ དང་ཚེས་༡༠ཉིན། རྒྱ་གར་རྒྱལ་ས་ལྡི་ལིའི་པར་གྷ་ཊི-མི་ཌམ་གྱི་སྦ་ར་ཊ-མན་ཌ་པམ་རྒྱལ་སྤྱིའི་འགྲེམས་སྟོན་སྟེ་གནས་ཁང་དུ་(Bharat Mandapam International Exhibition-Convention Centre (IECC)་འཚོགས་བཞིན་ཡོད་པ་རེད། རྒྱ་གར་གཞུང་གིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཚོགས་ཆེན་ཆེད་དུ་ཧིན་སྒོར་དུང་ཕྱུར་བཞི་སྟོང་གཉིས་བརྒྱ་ལྔ་བཅུ་ང་བཞི་ལྷག་(4254.75)་འགྲོ་སོང་བཏང་ཡོད་པ་དང་། དེར་ལོ་ངོ་དྲུག་རིང་བཟོ་བསྐྲུན་བྱས་ཡོད་འདུག དེའི་ནང་དུ་རྒྱ་གར་གྱི་རིག་གཞུང་གི་ཁྱད་ཆོས་ལྡན་པའི་བཟོ་དབྱིབས་བཟོས་ཡོད་འདུག

ཐེངས་བཅོ་བརྒྱད་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དེ་རྒྱ་གར་གཞུང་གིས་གོ་སྒྲིག་བྱེད་བཞིན་ཡོད་པ་དང་། དེར་ཨ་རིའི་སྲིད་འཛིན་དང་། ཁེ་ན་ཌའི་སྲིད་བློན། ཧྥ་རན་སིའི་སྲིད་འཛིན། དབྱིན་ཇིའི་སྲིད་བློན། ཇར་མན་གྱི་སྲིད་བློན། ཉི་ཧོང་གི་སྲིད་བློན། ཨོ་སི་ཊི་ལི་ཡའི་སྲིད་བློན། ཨི་ཊ་ལིའི་སྲིད་བློན་གཙོས་པའི་རྒྱལ་ཁབ་བཅུ་དགུའི་སྲིད་འཛིན་དང་སྲིད་བློན་ཡང་ན་སྐུ་ཚབ། ཡུ་རོབ་མཐུན་ཚོགས་ཀྱི་འགན་འཛིན་སོགས་ཕེབས་ཡོད་འདུག

སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་བརྗོད་གཞི་ནི། ས་གཞི་གཅིག (One Earth) ཁྱིམ་གཅིག (One Family) མ་འོངས་པ་གཅིག (One Future)་བཅས་ཡིན་འདུག རྒྱ་གར་གྱིས་ཐེངས་འདིའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་གོ་སྒྲིག་བྱེད་མཁན་སོང་ཙམ། རྒྱ་གར་གྱི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་རྣམས་གདན་འདྲེན་ཞུས་ཡོད་པ་མ་ཟད། ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ། ཨ་ཧྥི་རི་ཀ་མཐུན་ཚོགས་ཀྱི་ཚོགས་གཙོ། འཛམ་གླིང་དངུལ་ཁང་(World Bank) གི་འགན་འཛིན། འཛམ་གླིང་ཚོང་དོན་ལྷན་ཚོགས(World Trade Organization)ཀྱི་འགན་འཛིན། རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ (International Monetary Fund) ཚོགས་གཙོ། ཨེ་ཤ་ཡའི་ཡར་རྒྱས་དངུལ་ཁང་གི་འགན་འཛིན་(Asian Development Bank)། རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་(International Labour Organization)་ཡི་འགན་འཛིན། འཛམ་གླིང་འཕྲོད་ལྷན་ཁང་གི་འགན་འཛིན་སོགས་གདན་འདྲེན་ཞུས་ནས་ཕེབས་ཡོད་འདུག

ཉིན་གཉིས་ཀྱི་ཚོགས་ཆེན་ཐོག་ཏུ་གནམ་གཤིས་འགྱུར་དང་ཡུལ་བབ་སྲིད་བྱུས་ཀྱི་དཀའ་ངལ་(geopolitical conflict)། བཟའ་ཆས་ཀྱི་བདེ་འཇགས(food security)། ཁོར་ཡུག་དང་ཡར་རྒྱས་ཡུན་གནས་ཐུབ་ཐབས། རྒྱལ་ཁབ་ཕན་ཚུན་བར་གྱི་བུ་ལོན་བཅས་གཙོས་པའི་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་གླེང་སློང་བྱེད་བཞིན་ཡོད་འདུག གནད་དོན་གཞན་ར་ཤི་ཡ་དང་ཡུག་ཀེ་རན་བར་གྱི་དམག་འཁྲུག་དང་རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས། རྒྱལ་སྤྱིའི་བདེ་འཇགས་སྐོར། རྒྱ་ནག་སྐོར་སོགས་གླེང་རྒྱུ་ཡིན་པར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱེད་བཞིན་འདུག

སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ནང་དུ་རྒྱལ་ཁབ་གང་དང་གང་ཡོད་དམ་ཞེས་ན། ཨ་རི་དང་ཁེ་ཎ་ཌ། ཨུ་རུ་སུ། རྒྱ་གར། རྒྱ་ནག ཉི་ཧོང་། མེག་སི་ཁོ་(Mexico)། ཨར་ཇེན་ཊི་ནེ་(Argentina)། སྦ་ར་ཛིལ་(Brazil)། ཨི་ཊ་ལི་(Italy)། ལྷོ་ཀོ་རི་ཡ(South Korea)། ཧྥ་རན་སི་(France) ། དབྱིན་ཡུལ་(England)། འཇར་མན་(Germany)། ཏུར་ཀི་(Turkey)། ཨོ་སི་ཊི་ལི་ཡ་(Australia)། ཨིན་རྡུ་ནི་ཤིས་ཡ་(Indonesia)། ས་ཌི་ཨ་རབ་(Saudi Arabia)། ལྷོ་ཨ་ཧྥི་རི་ཀ་(South Africa)། མཐའ་མ་དེ་ཡུ་རོབ་མཐུན་ཚོགས་(European Union) བཅས་རེད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།