26
Fri, Apr

༢༠༢༠་ལོའི་ཟླ་༥་ཚེས་༢༦ཉིན། ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་ཨོ་གླིང་སིཊི་ཎིར་ཡོད་པའི་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་གྱི་ལས་འགུལ་སྤེལ་སྐབས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༥་ཚེས་༢༦ཉིན། ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བདུན་ཞིག་བཏོན་ནས། ཨོ་གླིང་སིཊི་ཎིར་ཡོད་པའི་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་གྱི་ལས་འགུལ་སྤེལ་ཡོད།

དེ་ཡང་ཁོང་གིས་རྒྱ་མིའི་གཞུང་ཚབ་ཁང་ལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ནས་དགོས་འདུན་དོན་ཚན་བདུན་ཞིག་བཏོན། དེ་དག་ནི། ༡༽ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་གཙོས་པའི་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་ཀྱིས་བཙོན་དུ་བཅུག་པའི་ཆབ་སྲིད་པ་ཡོངས་རྫོགས་གློད་གྲོལ་བྱེད་དགོས། ༢༽ ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་བཞུགས་པར་བཤད་ཡོད། གལ་སྲིད་སྐུ་འཚོ་བཞུགས་ཡོད་ན་འཛམ་གླིང་མི་མང་གི་མཐོང་སར་བསྟན་རོགས་གནང་། ༣༽ བོད་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ཀུན་ལ་ཚད་ལས་བརྒལ་བའི་གཏོར་སྐྱོན་དང་འབག་བཙོག་བཟོས་པ་དེ་དག་ཕྲད་མ་ཉིད་དུ་འཚམས་འཇོག་བྱེད་དགོས་ཡོད། ༤༽ བོད་རང་བཙན་ཁྲིམས་མཐུན་གྱི་རྒྱལ་ཁབ་འདི་ལ་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པ་རེད། དེ་ཡིན་ཙང་། བོད་མི་མང་ལ་ངེས་པར་དུ་རང་བཙན་གྱི་རྒྱལ་ཁབ་ཕྱིར་སྤྲད་དགོས་ཡོད། ༥༽ རྒྱ་ནག་གཞུང་གིས་བཙན་གྱིས་སྐོ་བཞག་བྱས་པའི་པཎ་ཆེན་རྫུན་མ་དེར་ང་ཚོས་དུས་ནམ་ཡང་ངེས་ལེན་མེད། ༦༽ བོད་ཀྱི་བླ་ན་མེད་པའི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་རྒྱལ་སྤྱིའི་ལྟ་རྟོགས་འོག་རྒྱ་ནག་གཞུང་གི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ལ་ཕེབས་བཅུག་དགོས་ཡོད། ༧༽ བོད་ཀྱི་ས་ཁུལ་ཡོངས་རྫོགས་སུ་བོད་ཀྱི་སྐད་ཡིག་ལག་བསྟར་བྱེད་པར་བཀག་འགོག་དང་སྒྲིག་གཞི་གང་ཡང་མེད་པར་རང་དབང་གིས་ཁྱབ་སྤེལ་གཏོང་ཆོག་པའི་སྲིད་ཇུས་སྤེལ་དགོས་ཡོད།

གཞན་ཡང་ཁོང་གིས་གསུངས་དོན། ང་རང་ཨོ་གླིང་དུ་འབྱོར་ནས་དེ་རིང་ནས་ལས་འགུལ་སྤེལ་བའི་འགོ་བཙུགས་པ་ཡིན་ལ། འདི་འདྲའི་ལས་འགུལ་མུ་མཐུད་དུ་སྤེལ་བའི་ལས་གཞི་དང་འཆར་འགོད་རིམ་བཞིན་བསྒྲིགས་དང་སྒྲིག་བཞིན་པ་བཅས།།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།