02
Thu, May

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་སྲིད་དབང་སྒེར་འཛིན་པ་ཞི་ཅིང་ཕིང་ཁྱོད་ཀྱི་དུས་ཡུན་རྫོགས་པ་རེད། བོད་ལ་རང་དབང་དགོས་ཞེས་འཕྲེད་དར་དཔྱངས་ནས་འབོད་སྐད་བྱས་འདུག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ ༡༡ ཚེས་༡༦ ཉིན་སྤེལ། ཨ་རིའི་བོད་མི་ཚོས་ཞི་ཅིང་ཕིང་ཨ་རིར་ཡོང་སྐབས་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་འདུག ཁོ་ཚོས་ཞི་ཅིང་ཕིང་ལ་ཨ་རིར་ཡོང་ལ་ངོ་རྒོལ་ཡོད། སྲིད་དབང་སྒེར་འཛིན་པ་ཨ་རིར་ཡོང་ལ་དགའ་བསུ་མེད། བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་དམར་གཞུང་མགོ་རྟིང་སློགས། བོད་ལ་རང་དབང་དགོས། ཡུ་གུར་ལ་རང་དབང་དགོས། ཧོང་ཀོང་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་ཤུགས་ཆེན་བརྒྱབ་ནས་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འདུག

དེ་ཡང་། ཟླ་འདིའི་ཚེས་༡༠ ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་ཡོང་གི་ཡོད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ཁོ་ཚོས་ཞི་ཅིང་ཕིང་ལ་ཨ་རིར་ཡོང་ལ་ངོ་རྒོལ་ཡོད། སྲིད་དབང་སྒེར་འཛིན་པ་ཨ་རིར་ཡོང་ལ་དགའ་བསུ་མེད། བོད་ལ་རང་དབང་དགོས་ཞེས་འཕྲེད་དར་དཔྱངས་ནས་འབོད་སྐད་བྱས་འདུག

ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཐེངས་༣༨་པ་དེ་ཨ་རིའི་གྲོང་འཁྱེར་སན་ཧྥི་རན་འཚོགས་བཞིན་ཡོད་པ་དང་། ཚོགས་འདུ་དེ་མ་འོངས་སྔོན་གྱི་ཉིན་གཅིག་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་གཞོན་སྐྱེས་གསུམ་གྱིས་ཚོགས་འདུ་ཚོགས་ཡུལ་གྱི་ལྟེ་གནས་ཀྱི་ཁང་གི་ཁང་པའི་ཐོག་འཛེགས་ནས་སྲིད་དབང་སྒེར་འཛིན་པ་ཨ་རིར་ཡོང་ལ་དགའ་བསུ་མེད། བོད་ལ་རང་དབང་དགོས་ཞེས་འཕྲེད་དར་དཔྱངས་ནས་འབོད་སྐད་བྱས་འདུག

གཞན་ཡང་། ཕྱི་ལོ་༢༠༢༣ ཟླ ༡༡ ཚེས་༡༥ ཉིན། ཨ་རིའི་བོད་མི་ཚོས་ཞི་ཅིང་ཕིང་ཨ་རིར་ཡོང་སྐབས་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་འདུག དེ་ཡང་། བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བྷེ་ཧྥོ་(Bay Area Friends of Tibet-BayFot) བཅས་ཀྱི་ཚོགས་མི་དང་། ཨ་རིར་གནས་སྡོད་བྱས་པའི་བོད་མི་ཚོ། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཧོང་ཀོང་དང་ཡུ་གུར། རྒྱ་ནག་སོགས་ཀྱི་མི་མང་རྣམས་མཉམ་འཛོམས་བྱས་ནས། སྲིད་དབང་སྒེར་འཛིན་པ་ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས། ཁོ་ཚོས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་དམར་གཞུང་མགོ་རྟིང་སློགས། བོད་ལ་རང་དབང་དགོས། ཡུ་གུར་ལ་རང་དབང་དགོས། ཧོང་ཀོང་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་ཤུགས་ཆེན་བརྒྱབ་ནས་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འདུག

ད་དུང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚེ་ལྷ་ལགས་ཀྱིས་དར་ཤིང་(pole)་ཐོག་འཛེགས་ནས་བོད་ཀྱི་རྒྱལ་དར་མི་མང་མདུན་དུ་དཔྱངས་ནས་ངོ་རྒོལ་བྱས་འདུག གཞན་ཡང་། གནམ་གྲུ་ཞིག་གིས་རྒྱ་དམར་གཞུང་མགོ་རྟིང་སློགས། བོད་ལ་རང་དབང་དགོས། ཡུ་གུར་ལ་རང་དབང་དགོས། ཧོང་ཀོང་ལ་རང་དབང་དགོས། རྒྱ་ནག་ལ་རང་དབང་དགོས་ཞེས་པའི་འཕྲེད་དར་འཁྱེར་ནས་ཨ་རིའི་གྲོང་ཁྱེར་སན་ཧྥི་རན་སེ་སི་ཀོ་ཡི་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་ཚོགས་ཆེན་གྱི་ཚོགས་ཡུལ་གྱི་ཁང་ཆེན་ཐོག་ནས་འཕུར་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།