28
Sun, Apr

བྷར་མཱ་སྲིད་བློན་ཨན་སན་སོའུ་ཀྱེ་ལགས། པར། AFP

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དེ་སྔོན་བྷར་མཱ་ནང་དུ་དམག་མི་དང་ཁ་ཆེ་རོ་ཧེན་ཇཱ་བར་རྙོག་འཛིང་ཛ་དྲག་གི་བྱུང་ནས། ཁ་ཆེ་བ་འབུམ་༧ལས་མང་བ་ཞིག་བྲོས་ནས་བྷན་ལཱ་ཌེ་ཤེ་ནང་འབྱོར་ཡོད་པ་དང་། ཡང་བསྐྱར་ཕྱིར་བྷར་མཱ་ནང་དུ་ལོག་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད།

དེ་ཡང་༢༠༡༨ལོའི་ཟླ་༨ཚེས་༢༢ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྷར་མཱ་སྲིད་བློན་ཨན་སན་སོའུ་ཀྱེ་ལགས་སཱེ་གྷ་པོར་རྒྱལ་ཁབ་དུ་གཏམ་བཤད་ཅིག་གི་ཆེད་དུ་ཕེབས་པ་དང་། དེ་གའི་གཏམ་བཤད་སྐབས་སུ་མི་ཁ་ཤས་ཤིག་གིས་དེ་སྔོན་བྷར་མཱ་ནང་རྙོག་འཛིང་བྱུང་ནས་བྷར་མཱའི་དམག་མིས་གདུག་རྩུབ་ཀྱི་བྱ་འགུལ་བྱས་ནས་ཁ་ཆེ་རོ་ཧེན་ཇཱ་མང་པོ་སྡོད་ཐུབ་བྲལ་ནས་ཕྱི་རྒྱལ་ཁབ་དུ་བྲོས་ཕྱིན་པའི་ གནས་ཚུལ་སྐོར་དྲི་བ་དྲིས་པར། ཁོང་མོས་ལན་དུ། དེ་སྔོན་བྷར་མཱ་ནང་རྙོག་འཛིང་བྱུང་ནས་བྷར་མཱའི་དམག་མིས་གདུག་རྩུབ་ཀྱི་བྱ་འགུལ་བྱས་པ་རེད་ཟེར་བ་དེར་ཁས་ལེན་བྱེད་མེད་པ་མ་ཟད། རོ་ཧེན་ཇཱ་ཕྱིེར་རྒྱལ་ནང་དུ་ལོག་པའི་དུས་ཚོད་ངེས་བརྟན་སྤྲད་མེད་པ་རེད།

དེ་ནས་གཏམ་བཤད་དུ་ཞུགས་པའི་མི་ཞིག་གིས་བྷར་མཱ་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་བྱས་པ་ཞིག་ལ་ཁོང་མོས་འགྲེལ་བརྗོད་གནང་དོན། ང་ཚོ་བྷར་མཱ་ནང་ཡོད་པའི་མི་རྣམས་ལྟ་སྟངས་དང་ཕྱིར་ལོག་གི་ཚུར་མཐོང་སྟངས་ནི་མི་འདྲ་རེད་བཅས་དང་། དེ་སྔོན་བྱུང་བའི་གནད་དོན་དེའང་དྲག་པོའི་གནས་ཚུལ་ཡིན་པར་ཁས་ལེན་བྱེད་མེད་པ་རེད།

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྷར་མཱ་དམག་མི་ཡིས་བྱེད་སྟངས་དེ་ནི་༼མི་རིགས་གཙང་སེལ༽་ལས་འགུལ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་གསར་འགོད་རྣམས་ཀྱིས་གནས་ཚུལ་སྤེལ་བར་གཞི་ན། བྷར་མཱ་དམག་མིས་ཁ་ཆེ་དེ་ཚོར་བཙན་གཡེམ་དང་། གསོད་པ། སྡོད་ཁྱིམ་གཏོར་བཤིག་བཏང་ཡོད་པ་རེད་ཅེས་འཁོད་འདུག

འོན་ཀྱང་། བྷར་མཱ་ནང་པ་ཚོས་རོ་ཧེན་ཇཱ་ནི་བྷན་གྷ་ལི་ཡིན་པ་དང་ཁོ་ཚོ་དབྱིན་ཇིའི་མངའ་འོག་དུ་ཡོད་སྐབས།བྷར་མཱ་ནང་ཁྲིམས་འགལ་བྱས་ནས་འཛུལ་པ་ཞིག་ཡིན་པ་ལས་རྒྱལ་ཁབ་འདིའི་མི་རིགས་ཡིན་པར་ཁས་ལེན་བྱེད་ཀྱི་མེད་པ་རེད།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།