03
Fri, May

པར་གྱི་ཡོང་ཁུངས་གཞོན་ནུའི་ངོ་དེབ་ཡིན།

འདི་ཟླའི་ཕྱི་ཚེས་ ༢༢ ཉིན། བོད་ཀྱི་སློབ་མ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་རྒྱལ་རབས་ལོ་རྒྱུས་རིག་པའི་སློབ་ཚན་ནང་བརྒྱ་ཆ་ ༧༢་༩ བླངས་ཏེ། མ་ཧཱ་རཱ་ཇཱ་ས་ཡ་ཇི་རཱོ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་མཛད་སྒོ་ཐེངས་ ༦༦ ཐོག གཙུག་ལག་རབ་འབྱམས་པའི་རྩེ་ཕུད་ཨང་དང་པོའི་གསེར་གྱི་གཟེངས་རྟགས་ཐོབ་པ་ཡོད་པ་མཟད། བོད་ཀྱི་ལོ་རྒྱུས་ཐོག་ལོ་རྒྱུས་རིག་པའི་སློབ་ཚན་ནང་གསེར་གྱི་རྟགས་པ་ལེན་དང་པོ་ཆགས་ཡོད་འདུག

༢༠༡༨།༠༡།༢༢ ཉིན་སྤེལ། ཆོས་ལུགས་འདྲ་མིན་དེ་དག་ལ་མི་བཟང་པོ་བཟོ་རྒྱུའི་ནུས་པ་ཡོད། ཆོས་ལུགས་ཚང་མས་བཟང་པོའི་བསླབ་བྱ་གཅིག་མཚུངས་ལམ་སྟོན་བྱེད་བཞིན་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ། དྲུང་ཆེ་ཚད་མཉམ་བསྟན་འཛིན་ཟླ་སྒྲོན། འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་བཅས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གསར་བའི་ལས་འཆར་དེབ་དབུ་འབྱེད་སྐབས། པར་བ་ཆོས་ཉིད།

༢༠༡༨།༠༡།༡༢ ཉིན་སྤེལ། བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ནང་གི་བཀོད་པ་དང་ཅ་དངོས། མཐུན་རྐྱེན་སོགས་ལ་འགྲོ་སོང་ཧིན་སྒོར་འབུམ་ ༦༠༠ ཙམ་འགྲོ་རྒྱུ་ལས་ཧིན་སྒོར་འབུམ་ ༣༥༠ ཐབས་ཤེས་བྱས་ཟིན་ཡོད་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བརྗོད་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ། བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་བསམ་ཡེ་ཤེས་ལགས་བཅས། པར་བ་ཆོས་ཉིད།

༢༠༡༨།༠༡།༡༡ཉིན་སྤེལ། ༼ལྕགས་ཡོས་བོད་རྒྱའི་གྲོས་མཐུན་༽དང་། ༼པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་༽ དེ་བཞིན་༼གློ་རྒྱལ་ཕྲན་༽ཞེས་པའི་ལོ་རྒྱུས་ཀྱི་དཔེ་དེབ་གསུམ་དབུ་འབྱེད་བྱས་སོང་།

དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློན། བུམ་རམས་པ་དཀོན་མཆོག་བརྩོན་བཅས་ཀྱི་མཉམ་པར། པར་བ་ཡེ་ཤེ་ཆོས་བཟང་།

༢༠༡༨།༠༡།༡༨ཉིན་སྤེལ།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཁེ་སྤོག་ལྡན་པའི་ཚོང་གི་ཚོགས་པ་ཞིག་ཡིན་པ་མ་ཟད། ཚོང་ལས་ཚོགས་པ་འདི་ནི་བོད་པའི་སྤྱིགས་ཚོགས་སུ་ཆེས་ཐོག་པ་ཞིག་ཏུ་གྱུར་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་གསར་འགོད་པ་རྣམས་ལ་གསུང་བཤད་གནང་བ།

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་ཤོག་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་རྩོམ་སྒྲིག་པ་དང་། གསར་འགོད་པ། པར་པ་སོགས་ཁྱོན་མི་གྲངས་ ༤༠ དང་མཇལ་འཕྲད་གནང་ཡོད།

དེ་ཡང་མཛད་སྒོའི་སྐབས་སུ་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་དྲོ་ཆུ་ཚོད་བཞི་བའི་ཐོག་སྐུ་མགྲོན་གཙོ་བོ་༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག བཀའ་ཟུར་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག།

༢༠༡༨།༠༡།༠༨ཉིན་སྤེལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གསར་དུ་བཟོས་པའི་འབྱུང་རྩིས་ཨུཏྤལ་སྔོན་པོ་ཞེས་པའི་མཉེན་ཆས་དབུ་འབྱེད་ཀྱི་མཛད་སྒོ་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་ཡོད་འདུག

More Articles ...

Subcategories

བོད་ཀྱི་ལོ་རྒྱུས་ཡིག་ཆ།