02
Thu, May

༢༠༡༨།༠༣།༡༣ ཉིན་སྤེལ། འདི་ཟླའི་ཕྱི་ཚེས་ ༡༢ ནས་ ༡༤ བར། སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་དྲུག་པ་ཉིན་གཉིས་རིང་སྐོང་ཡོད་པ་དང་། ཆོས་བརྒྱུད་གྲུབ་མཐའ་ཁག་ནས་ཕེབས་པའི་རྩོམ་སྒྲིག་པ་ ༤༠ ལྷག་ཅིག་གིས་རྩོམ་སྒྲིག་དང་འབྲེལ་བའི་བགྲོ་གླེང་དེ་མཇུག་གྲུབ་གནང་འདུག

༢༠༡༨ ཟླ་ ༠༣ ཚེས་ ༡༢ ཉིན། "ག་རེ་བྱས་ནས་ང་ཚོས་བུད་མེད་སྒེར་ལངས་བྱེད་དགོས་སོང་པ་རེད། ཁོང་ཚོའི་དམ་བཅའ་ནི་ད་ལྟ་ང་ཚོས་འགྲུབ་ཡོད་དམ་མེད་ཅེས་ཐུགས་ལ་འཇོག་རོགས་གནང་།"རྒྱུན་ཟུར་ངག་དབང་ལྷ་མོས་བརྗོད་སོང་།

༢༠༡༨ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༥༩ དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

༢༠༡༨།༠༣།༠༧ ཉིན་སྤེལ། ད་ལོའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༢ སྐབས། བརྗོད་གཞི་མ་འདྲ་ ༡༤ ཡི་ཐོག་ནས་བགྲོ་གླེང་དང་གྲོས་ཆོད་འཇོག་རྒྱུ་དང་། བརྗོད་གཞི་དེ་དག་ཤེས་ཡོན། རྩ་དོན། འགན་འཁྲི་བཅས་ཀྱི་ནང་མ་འདུས་པ་མེད། ཅེས་ཨྰ་ཅརྱ་བྱམས་པ་ལྷུན་གྲུབ་ཀྱིས་གསུང་སོང་།

བོད་དང་རྒྱ་ནག་ནང་ལ་སྤྱི་ཚོགས་དྲ་གནས་བརྒྱུད་དངོས་ཡོད་གནས་ཚུལ་དང་། མི་མང་གི་མངོན་འདོད། རྒྱལ་སྤྱིའི་གནས་ཚུལ་ཇི་བཞིན་ཤེས་ཐབས་དཀའ་བས་ཉིན་རེ་བཞིན་ཆེས་དམ་དྲག་གི་གནས་སུ་གྱུར་ཡོད། ཅེས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དུ་བཀོད་གནང་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༤ ཙམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་གཉིས་ཁ་བྲལ་གཏོང་རྒྱུའི་སྲིད་བྱུས་བཟུང་ནས་དངོས་ཤུགས་བརྒྱུད་གསུམ་གྱི་ལས་འགུལ་སྤེལ་བཞིན་ཡོད་ནའང། དེ་ནི་དུས་ནམ་ཡང་འགྲུབ་ཐབས་མེད་པ་ཞིག་ཡིན། ཞེས་བོད་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༥༩ འཁོར་བའི་གསུམ་བཅུའི་དུས་དྲན་ཐོག་སྲིད་སྐྱོང་གིས་ཡོངས་ཁྱབ་ཏུ་སྤེལ་བའི་གསུང་འཕྲིན་བཀོད་གནང་འདུག

ཝཱཎ་མཐོ་སློབ་ཀྱི་སློབ་མ་རྫ་མེ་སྟག་གིས་གནས་ཚུལ་བསྐུར་དོན་ལ། སྤྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༤ ཉིན་ཞོགས་པ་རྒྱ་གར་གྱི་ཆུ་ཚོད་ ༨ ཏག་ཏག་ལ་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་དབུ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད། དམིགས་བསལ་སྐུ་མགྲོན་ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ལོ་རྒྱུས་དགེ་རྒན་མཁས་དབང་བྱམས་པ་བསམ་གཏན་དང་བྷུན་ཊར་དགེ་འོས་མཐོ་སློབ་ཀྱི་ངེས་སྟོན་པ་བཀྲིས་དོན་གྲུབ་བཅས་འདུག ཐོག་མར་སྐུ་མགྲོན་གྱི་གཙོ་བོ་མཆོག་ནས་སྣང་གསལ་གྱི་མར་མེ་ཞལ་ཁ་ཕྱེས་རྗེས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་རྔ་དབྱངས་བཅས་པ་བཏང་གནངས།

More Articles ...

Subcategories

བོད་ཀྱི་ལོ་རྒྱུས་ཡིག་ཆ།