02
Thu, May

བྱམས་བརྩེ་ལྡན་པའི་མི་ཞིག་ཡིན་ན་ཚེ་རིང་པོ་ཡོང་རྒྱུར་ཕན་ཐོགས་ཡོད། གཙོ་བོ་སེམས་ནང་ཞི་བདེ་དགོས་རྒྱུ་གལ་ཆེ་ཞིང་། དཔལ་འབྱོར་ལོངས་སྤྱོད་དང་། དབང་ཤུགས་ཆེ་ཡང་རང་རྒྱུད་ལ་བརྩེ་སེམས་མེད་ན་སེམས་སྐྱིད་པ་ཞིག་ཡོང་ཐབས་མེད་ཅེས་༧གོང་ས་མཆོག་གི་དཀའ་སློབ་བསྩལ།

ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་འགན་དེ་གལ་ཆེ་ཤོས་གཉིས་པར་རྩི་བཞིན་ཡོད། ལྷག་པར་ཆོས་མིང་ཐོག་ནས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་ཟེར་བ་ཧ་ཅང་ཐབས་རྡུགས་རེད་ཅེས་༧་གོང་ས་གསུངས།

ཏཱ་ལའི་བླ་མ་མཆོག་དང་ཁོང་གི་རྗེས་སུ་ཕེབས་པའི་བོད་མི་རྣམས། བོད་ལ་ཕྱིར་ལོག་ཕེབས་ཐུབ་པ་བྱུང་ནས་ཚང་མས་ཐུན་མོང་ཐོག་མིང་དོན་མཚུངས་པའི་མང་གཙོ་དང་རང་དབང་། ཞི་བདེ་ལྡན་པ་བཅས་ཀྱི་དར་ཤིང་རྒྱས་པའི་བོད་ལྗོངས་ཤིག་འཛུགས་སྐྲུན་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་དབུ་མའི་ལམ་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་གིས་གོ་སྒྲིག་ཚོགས་ཆུང་གི་གཏམ་བཤད་སྒྲོགས་སྦྱང་ནང་དུ་གསུངས།

ཁེ་ན་ཌ་སྲིད་གཞུང་གིས་རྒྱ་ནག་གཞུང་ལ། རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་འགན་ཁུར་དང་ལེན་གནང་ཐོག་ཆ་རྐྱེན་གང་ཡང་མེད་པའི་འོག་ནས་བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་བསྒྲགས་གཏམ་ནན་མོ་སྤེལ་ཡོད་འདུག

 ཟླ་འདིའི་ཕྱི་ཚེས་༢༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨ་རི་གཞུང་ཚབ་མཆོག་མཇལ་འཕྲད་དང་། ཕྱི་དྲོ་རྒྱ་གར་གཞུང་འཛིན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་མཆོག་གི་མ་ཡུམ་གྱི་འདས་མཆོད་དུ་མཉམ་ཞུགས་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་འདུག

ཤེས་རབ་དགའ་ཚལ་སློབ་གླིང་དུ་ད་ལྟ་སློབ་སྦྱོང་གནང་བཞིན་པའི་བརྩེ་བའི་སློབ་ཕྲུག་བཅས་ཚང་མ་ལ་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་སྲིད་སྐྱོང་གིས་གསུངས་སོང་།

 ཟླ་འདིའི་ཕྱི་ཚེས་༢༤་ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་ཞེས་པའི་རྒྱ་ཡིག་དཔེ་དེབ་ཅིག་དབུ་འབྱེད་དང་གསར་འགོད་གསལ་བསྒྲགས་ཤིག་བསྡུས་སོང་།

More Articles ...

Subcategories

བོད་ཀྱི་ལོ་རྒྱུས་ཡིག་ཆ།