28
Sun, Apr

ཕྱི་ལོ་༢༠༢༣ ལོའི་ཟླ་༦ ཚེས་༡༡ ཉིན། རྡ་ས་ཆིག་སྒྲིལ་རུ་ཁག་གིས་༢༠༢༣ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་དགའ་ཚོར་ཆེན་པོས་ལེན་བཞིན་པ། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༦ ཚེས་༡༡ ཉིན། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་བསྡུར་ཐེངས་༢༨ པའི་རྟིང་རྩོད་འགྲན་བསྡུར་རྡ་ས་ཆིག་སྒྲིལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་ཀྱི་བར་རྩེས་ནས། དུས་ཡུན་སྐར་མ་དགུ་བཅུ་ནང་དུ་རུ་ཁག་གཉིས་ནས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་སྟབས། དུས་ཡུན་འཕར་མ་སྐར་མ་ཉི་ཤུའི་ནང་ལ་རྡ་ས་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ཏེ། མཐའ་མའི་རྒྱལ་ཁ་རྡ་ས་ཆིག་སྒྲིལ་རུ་ཁག་ལ་ཐོབ་སོང་། འདི་ནི་རྡ་ས་རུ་ཁག་གིས་རྒྱལ་ཡུམ་ཆེན་མོའི་གསེར་གྱི་བུམ་པ་བཀྱགས་པ་ཐེངས་དང་པོ་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣་དང་ཕྱེད་ཀའི་ཐོག རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་བསྡུར་ཐེངས་༢༨ པའི་རྟིང་རྩོད་འགྲན་བསྡུར་རྡ་ས་ཆིག་སྒྲིལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་ཀྱི་བར་རྩེས་སོང་། དུས་ཡུན་སྐར་མ་དགུ་བཅུ་ནང་དུ་རུ་ཁག་གཉིས་ནས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་སྟབས་དུས་ཡུན་འཕར་མ་སྐར་མ་ཉི་ཤུ་སྤྲད་སོང་། དེའི་ནང་ལ་རྡ་ས་ཆིག་སྒྲིལ་རུ་ཁག་གིས་སྤོ་ལོ་གཉིས་དང་དོན་གྲུབ་གླིང་རུ་ཁག་གིས་སྤོ་ལོ་གཅིག་བཅས་བླུགས་ཏེ། མཐའ་མའི་རྒྱལ་ཁ་རྡ་ས་ཆིག་སྒྲིལ་རུ་ཁག་ལ་ཐོབ་སོང་། འདི་ནི་རྡ་ས་རུ་ཁག་གིས་རྒྱལ་ཡུམ་ཆེན་མོའི་གསེར་གྱི་བུམ་པ་བཀྱགས་པ་ཐེངས་དང་པོ་ཡིན་འདུག

སྤྱི་༢༠༢༣ ་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༨་དེ་ཕྱི་ཟླ་༦་ཚེས་༡་ནས་འགོ་བཙུགས་ཏེ་ཚེས་༡༡་བར་རྩེས་སོང་། འདི་ལོ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞུགས་མཁན་རྒྱ་གར་དང་། བལ་ཡུལ། ཨོ་གླིང་། ཡུ་རོབ་བཅས་ནས་རྐང་སྤོལ་རུ་ཁག་ ༡༦ ཡོད་འདུག དེ་དག་ནི་བོད་ཁྱིམ་ཆིག་སྒྲིལ་རུ་ཁག་དང་། ཝར་ན་མཐོ་སློབ་རུ་ཁག བོད་ཀྱི་ཟློས་གར་རུ་ཁག ཨོ་གླིང་བོད་ཚོགས་རུ་ཁག ལྡི་ལི་བསམ་ཡས་གླིང་རུ་ཁག ལ་དྭགས་བསོད་ནམས་གླིང་རུ་ཁག བདེ་སྐྱིད་གླིང་རུ་ཁག རྡ་ས་ཆིག་སྒྲིལ་རུ་ཁག སྤོན་ཊ་ཆོས་གསུམ་རུ་ཁག བལ་ཡུལ་སྟག་འཚེར་རུ་ཁག སྦིར་ཆིག་སྒྲིལ་རུ་ཁག ཀུ་ལུ་མ་ན་ལི་གཞོན་ནུ་རུ་ཁག དོན་གྲུབ་གླིང་རུ་ཁག སྒང་ཏོག་གངས་སེང་རུ་ཁག བལ་ཡུལ་རུ་ཁག ཡུ་རོབ་བོད་པ་རུ་ཁག་བཅས་རེད་འདུག

མཐའ་མའི་རྟིང་རྩོད་དེ་༢༠༢༣ ལོའི་ཟླ་༦པའི་ཚེས་༡༡ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣་དང་ཕྱེད་ཀའི་ཐོག རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། རྡ་ས་ཆིག་སྒྲིལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་ཀྱི་བར་རྩེས་སོང་། མི་མང་སྟོང་ཕྲག་ཁ་ཤས་ལྟ་མོ་ལྟ་རུ་སླེབས་འདུག དུས་ཡུན་སྐར་མ་དགུ་བཅུ་ནང་དུ་རུ་ཁག་གཉིས་ནས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་སྟབས་དུས་ཡུན་འཕར་མ་སྐར་མ་ཉི་ཤུ་སྤྲད་སོང་། དེའི་ནང་ལ་རྡ་ས་ཆིག་སྒྲིལ་རུ་ཁག་གི་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་སྤོ་ལོ་གཅིག་བླུགས་སོང་དང་། དེ་ནས་རྡ་ས་ཆིག་སྒྲིལ་རུ་ཁག་གི་བསྟན་འཛིན་ཚེ་རིང་ལགས་ཀྱིས་སྤོ་ལོ་གཉིས་པ་དེ་བླུགས་སོང་། དོན་གྲུབ་གླིང་རུ་ཁག་གིས་སྤོ་ལོ་གཅིག་བཅས་བླུགས་ཏེ། མཐའ་མའི་རྒྱལ་ཁ་རྡ་ས་ཆིག་སྒྲིལ་རུ་ཁག་ལ་ཐོབ་སོང་།

ཐེངས་༢༨་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་བསྡུར་ཁྲོད། སྤོ་ལོ་བླུགས་གྲངས་མང་ཤོས་ཀྱི་རྐང་སྤོལ་བ་ནི་བོད་ཀྱི་ཟློས་གར་རུ་ཁག་གི་མདུན་རྒོལ་བ་བསྟན་འཛིན་ལྷག་པ་ཡིན་འདུག་དང་། སྒོ་འགོག་ལེགས་ཤོས་ཀྱི་བྱ་དགའ་དེ་དོན་འགྲུབ་གླིང་རུ་ཁག་གི་སྒོ་འགོག་རབ་དགའ་ལ་ཐོབ་འདུག བཟང་སྤྱོད་ལེགས་ཤོས་ཀྱི་རུ་ཁག་གི་བྱ་དགའ་ཐོབ་མཁན་ནི་བོད་ཁྱིམ་སློབ་གྲྭའི་རུ་ཁག་རེད་འདུག རྩེད་འགྲན་པ་ལེགས་ཤོས་ནི་རྡ་ས་ཆིག་སྒྲིལ་རུ་ཁག་གི་བསྟན་འཛིན་ཚེ་རིང་ལགས་རེད་འདུག

ཕྱི་ལོ་༢༠༢༣་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་བསྡུར་ཁྲོད། སྤོ་ལོ་མང་ཤོས་བླུགས་མཁན་ནི་བོད་ཀྱི་ཟློས་གར་རུ་ཁག་གི་བསྟན་འཛིན་ལྷག་པ་ལགས་ཡིན་པ་དང་ཁོ་ཡིས་སྤོ་ལོ་ཐེངས་དགུ་ལ་བླུགས་ཡོད་འདུག བལ་ཡུལ་སྟག་འཚེར་རུ་ཁག་གི་ཚེ་རིང་ཆོས་འཕེལ་ལགས་དང་ཝར་ན་མཐོ་སློབ་རུ་ཁག་གི་གུ་རུ་གྲགས་པ་ལགས་གཉིས་ཀྱིས་སྤོ་ལོ་༦་རེ་བླུགས་ཡོད་འདུག དོན་འགྲུབ་གླིང་བསྟན་འཛིན་ཆོས་བཟང་ལགས་ཀྱིས་སྤོ་ལོ་༥་བླུགས་ཡོད་པ་དང་། རྡ་ས་ཆིག་སྒྲིལ་རུ་ཁག་གི་ཚུལ་ཁྲིམས་ཟླ་བ་ལགས་ཀྱིས་༤་བླུགས་ཡོད་འདུག དེ་བཞིན་ཨོ་གླིང་བོད་ཚོགས་རུ་ཁག་གི་མགོན་པོ་བཀྲ་ཤིས་ལགས་ཀྱིས་སྤོ་ལོ་༤་བླུགས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།