06
Mon, May

དབུགས་སྦྱོང་ར་བའི་ནང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམ་པ། དེ་བཞིན་སློབ་ཕྲུག་དང་མི་མང་བཅས་ལ་དབུགས་སྦྱོང་མཁས་པ་ཚེ་རིང་དབྱངས་འཛོམས་ལགས་ངོ་སྤྲོད་ཞུས་པ་བསྟུན་དབུགས་སྦྱོང་ལུས་སྩལ་སློབ་ཁྲིད་ཀྱང་ཡུན་ཙམ་གནང་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ཉིན་རྒྱལ་སྤྱིའི་དབུགས་སྦྱོང་ཉིན་མོ་(International Yoga Day)སྲུང་བརྩི་ཞུ་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་༢༠༡༨ ལོ་དེ་བཞིན་རྒྱ་གར་གཞུང་མང་གཙོ་བོར་གྱུར་བའི་བོད་དོན་ལ་ད་བར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་མཁན་སྲིད་གཞུང་དང་མི་མང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་སོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་གྱི་ཆ་ཤས་སུ་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ནས་ ༧།༣༠ བར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དབུགས་སྦྱོང་ལུས་སྩལ་ལ་མཁས་པ་ཚེ་རིང་དབྱངས་འཛོམས་ལགས་ཀྱིས་མང་ཚོགས་ལ་དབུགས་སྦྱོང་ངོ་སྤྲོད་གནང་ཡོད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམ་པ།

དེ་བཞིན་སློབ་ཕྲུག་དང་མི་མང་བཅས་ལ་དབུགས་སྦྱོང་མཁས་པ་ཚེ་རིང་དབྱངས་འཛོམས་ལགས་ངོ་སྤྲོད་ཞུས་པ་བསྟུན་དབུགས་སྦྱོང་ལུས་སྩལ་སློབ་ཁྲིད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུགས་སྦྱོང་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།