29
Mon, Apr

སྲིད་སྐྱོང་མཆོག་གིས་ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་དང་ཐུག་འཕྲད་གནང་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་ ༦ དང་སྒུག་ཐོ་གྲངས་ ༥ བཅས་ལ་ཐུག་འཕྲད་གནང་ཡོད། སྲིད་སྐྱོང་མཆོག་གིས་ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་དང་ཐུག་འཕྲད་གནང་བ།

སྐབས་དེར་སྲིད་སྐྱོང་མཆོག་གིས་རང་ཉིད་ཨ་རིའི་མཐོ་སློབ་སློབ་ཡོན་ལས་འཆར་བརྒྱུད་ཨ་རིའི་ནང་སློབ་སྦྱོང་བྱས་པའི་ཉམས་མྱོང་སྐོར་སྤྱི་དང་། ལྷག་པར་ཕྱིའི་རྒྱལ་ཁབ་ཏུ་གནས་སྡོད་རིང་དཀའ་ངལ་འདྲ་མིན་འཕྲད་སྲིད་ཀྱང་། དཀའ་ངལ་ཁྱད་བསད་ཀྱིས་སློབ་སྦྱོང་དོན་དང་ལྡན་པ་གནང་རྒྱུ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་གནང་ཡོད་འདུག ཨ་རི་ནས་སློབ་སྦྱོང་མཐར་སོན་རྗེས་རང་རེའི་སྤྱི་ཚོགས་ནང་ཕྱིར་ལོག་ཏེ་ཞབས་ཞུ་བསྒྲུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

སྤྱིར་ཨ་རིའི་མཐོ་སློབ་སློབ་ཡོན་ལས་འཆར་འདི་ཉིད་ཨ་རི་ཕྱི་་སྲིད་ལས་ཁུངས་ཀྱི་ནང་གསེས་ཤེས་ཡོན་དང་རིག་གཞུང་སྡེ་ཚན་གྱི་རོགས་སྐྱོར་འོག་ཆ་རྐྱེན་ཚང་བའི་བཙན་བྱོལ་བོད་མི་སློབ་ཕྲུག་རྣམས་ལ་ཨ་རི་ནང་གི་མཐོ་སློབ་ཆེ་ཁག་ཏུ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་སླད་སློབ་ཡོན་གནང་མུས་ཡིན་བཅས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།