26
Fri, Apr

༸གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༤ཉིན། འཛམ་གླིང་སྲོག་ཆགས་ཉིན་མོར་༸གོང་ས་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་ཡོད་པ་དང་། སྐབས་དེར། ཁོང་གིས་འཛམ་གླིང་ནང་དུ་སྲོག་ཆགས་མེད་པར་གྱུར་ནས་འགྲོ་བ་མི་ཁོ་ན་གནས་པ་ཡིན་ན་འཛམ་གླིང་འདི་ཁེར་རྐྱང་ཞིག་ཏུ་འགྱུར་རྒྱུ་རེད། ཅེས་གསུངས་འདུག

དེ་ཡང་། བོད་ཀྱི་དབུ་ཁྲིད་སྤྱིའི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་༤ཉིན། འཛམ་གླིང་སྲོག་ཆགས་ཉིན་མོར་དམིགས་བསལ་གསུང་འཕྲིན་ཞིག་སྩལ་འདུག འཛམ་གླིང་སྲོག་ཆགས་ཉིན་མོ་ཞེས་ལོ་རྟག་སྲུང་བརྩི་བྱེད་དོན་ནི་འཛམ་གླིང་གང་སའི་སེམས་ཅན་གྱི་ཐོབ་ཐང་དང་བདེ་སྡུག་གོང་འཕེལ་ཡོང་ཐབས་དམིགས་པ་ཞིག་ཡིན་འདུག

དང་ཐོག ༸གོང་ས་མཆོག་གིས་གསུང་དོན། གལ་སྲིད་འཛམ་གླིང་འདིའི་སྒང་འགྲོ་བ་མི་ཁོ་ན་གནས་ནས་སྲོག་ཆགས་རྣམས་མེད་པ་འགྱུར་བ་ཡིན་ན། འཛམ་གླིང་འདི་ཁེར་རྐྱང་ཞིག་ཏུ་འགྱུར་རྒྱུ་རེད། དམིགས་བསལ་གནས་གཤིས་གྲང་སར་གནས་པའི་བོད་པ་དང་སོག་པོ་རྣམས་ཀྱི་ འཚོ་བའི་ཡོང་ཁུངས་ནི་སྒོ་ཟོག་སེམས་ཅན་ལ་བརྟེན་ཡོད།

རྒྱ་གར་ལྟ་བུར་མཚོན་ན་སྔོ་ཚོལ་གྱི་ཟས་རིགས་ལ་བརྟེན་ནས་གནས་ཡོད། འཛམ་གླིང་ས་ཆ་གཞན་དུ་ཡང་འདི་ལྟ་བུའི་སྔོ་ཚལ་གྱི་ཟས་རིགས་བརྟེན་དགོས་པའི་སྐུལ་མ་བྱེད་དགོས་འདུག ཅེས་གསུངས་འདུག

༸གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན། ངོས་ཀྱིས་ལོ་ཁ་ཤས་སྔོན་ནས་བོད་པའི་དགོན་པ་དང་སློབ་གྲྭ་ཁག་ལ་སྔོ་ཚལ་གྱི་ཟས་རིགས་སྤྲོད་དགོས་པ་དང་། དེ་བཞིན་ཟས་རིགས་ཀྱི་སྐྱེ་དངོས་སྣ་ཚོགས་ཆ་སྙོམས་ཡོང་ཆེད་དུ་སྔོ་ཚལ་དང་ཤིང་ཏོག་རིགས་མང་ཙམ་འདེབས་དགོས་པའི་སྐུལ་མ་བྱས་ཡོད། ཅེས་གསུངས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།