27
Sat, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤་ཟླ་༢ ཚེས་༣་ཉིན་སྤེལ། དེ་སྔ་དཀར་མཛེས་ཁུལ་རྟའུ་རྫོང་ཉེན་རྟོག་དཔོན་གཞོན་པ་ཟུར་པ་དང་། ལི་ཐང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཟུར་པ་བོད་རིགས་ཡེ་ཤེས་རྡོ་རྗེ་ཟེར་བ་ཞིག་གིས་རྒྱ་ནག་སྲིད་གཞུང་གི་ཁྲིམས་འགལ་ཡོད་ཚུལ་དང་ལྐོག་རྔན་ལེན་པའི་ཉེས་མིང་འོག མི་ལོ་༡༣་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་དངུལ་ཆད་རྒྱ་སྒོར་ཁྲི་༧༡་བཅད་ཡོད་འདུག

དེ་ཡང་། བོད་ཁམས་རྟའུ་རྫོང་ནས་ཡིན་པའི་བོད་རིགས་མིང་ལ་ཡེ་ཤེས་རྡོ་རྗེ་ཟེར་མཁན་ཞིག་རྒྱ་གཞུང་གིས་ཉེ་ཆར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོ་ནི་དེ་སྔ་རྟའུ་རྫོང་གི་ཉེན་རྟོག་པ་དང་། རྟའུ་དང་ལི་ཐང་རྫོང་གི་ཉེན་རྟོག་པ་དཔོན་པོ། གཞན་ཡང་ལི་ཐང་རྫོང་དཔོན་གཞོན་པ་བཅས་བྱས་མྱོང་མཁན་ཞིག་ཡིན་འདུག ཕྱི་ལོ་༢༠༢༡་ཟླ་༩་པར། ཁོས་རྒྱ་ནག་གུང་ཁྲན་ཏང་གི་ཁྲིམས་འགལ་ཡོད་ཚུལ་བརྗོད་ནས་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་དང་། ཕྱི་ལོ་༢༠༢༢་ཟླ་༣ པར་ཁོས་དཔོན་གནས་བསྡད་རིགས་ལྐོག་ངན་ལེན་པའི་ཉེས་མིང་འོག མི་ལོ་༡༣་བཙོན་འཇུག་ཁྲིམས་ཐག་དང་རྒྱ་སྒོར་ཁྲི་༧༡་ཆད་པ་བཅད་པའི་ཡོད་པའི་གནས་ཚུལ་འདུག

གནས་ཚུལ་དེ་གཞིགས་ན། ཡེ་ཤེས་རྡོ་རྗེ་ཡིས་ལི་ཐང་རྫོང་དཔོན་གཞོན་པ་བྱེད་རིང་། མི་གཞན་གྱི་ལག་ནས་ལྐོག་དངུལ་ལེན་ཡོད་པ་དང་ཁོ་རང་གི་སྤུན་མཆེད་ལས་ཀ་སྤྲད་པ་སོགས་ཀྱི་ཉེས་མིང་བཏགས་ནས་ཁྲིམས་ཐག་བཅད་ཡོད་སྐོར་བཀོད་འདུག དེ་ཡང་རྒྱ་ནག་སྲིད་གཞུང་གིས་ལས་བྱེད་རྣམས་ཀྱི་བྱེད་མི་ཆོག་པའི་དོན་ཚན་བརྒྱད་ཀྱི་ཁྲིམས་ཤིག་ཡོད་པ་ནང་ནས་ལྔ་པ་དེ་ལས་བྱེད་ཀྱི་གཞན་གྱི་ལག་རྟགས་དངོས་པོ་དང་། དངུལ། འཛད་སྤྱོད་ཁུག་དམར་སོགས་གཏན་ནས་ལེན་མི་ཆོག ཞེས་པའི་ཁྲིམས་དོན་ཚན་ལྔ་པ་དེ་འགལ་ཡོད་ཚུལ་བརྗོད་འདུག

སྤྱིར་རྒྱ་གཞུང་གིས་བོད་ཀྱི་བླ་མ་དང་དགེ་བཤེས། ཤེས་ཡོན་པ་དང་འགོ་ཁྲིད་སོགས་རྒྱ་གཞུང་གི་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིར་ཕན་པའི་ལས་དོན་བསྒྲུབས་ན་རྒྱ་གཞུང་དགའ་ཡི་མེད་པ་དང་། ཁོ་ཚོར་ཉེས་མིང་འདྲ་མིན་བཙུགས་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཀྱི་ཡོད། ཉེ་བའི་ལོ་ཤས་ནང་དུ་རྒྱ་གཞུང་གིས་བོད་ཀྱི་བླ་མ་དང་དགེ་བཤེས། དམིགས་བསལ་ཤེས་ཡོན་པ་དང་རྩོམ་པ་པོ། འགོ་ཁྲིད་བཅས་ལས་སྣེ་ལས་ཕྱིར་འབུད་བཏང་བ་མ་ཟད་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་མང་པོ་ཐོན་བཞིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།