སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན། བོད་རྒྱལ་ཁབ་ཆེན་པོའི་ཡིག་གཟུགས་ཀྱི་འཕེལ་རིམ་ཅུང་ཙམ་བརྗོད་པ།
བོད་གངས་ཅན་ལྗོངས་ཀྱི་ཡི་གེའི་སྣང་བྱེད་ཐོན་མི་སམ་བྷོ་ཊ་མཆོག་གིས་རྒྱལ་པོའི་བཀའ་བཞིན་ཐུགས་བསྐྱེད་ཀྱི་གོ་ཆ་གྱོན། སྙིང་སྟོབས་ཀྱིས་རི་བོ་ཕྲག་ཏུ་བླང༌། དཀའ་ཀྱོག་གི་འཕྲང་ཆེན་དུ་མ་བརྒལ་ཏེ། དུས་རབས་བདུན་པ་ཕྱི་ལོ། ༦༣༣ ལོར་རྒྱ་གར་ལ་བཞུད་ཏེ།