27
Sat, Apr

ཉི་ཧོང་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༢༨་ཉིན། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་འཕྲོག་བསྟེན་གྱི་དཀའ་ངལ་རྐྱེན་པས། སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་འདུག ཁོང་གིས་བརྗོད་དོན། རང་གིས་མི་མང་གི་ཆེད་དུ་ལས་དོན་ཐག་གཅོད་ལེགས་པོ་ཞིག་བྱེད་མ་ཐུབ་ན། སྲིད་བློན་གྱི་ལས་གནས་སུ་སྡོད་མི་རུང་། དེར་བརྟེན། ང་རང་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་བའི་ཐག་གཅོད་བྱས་པ་ཡིན། ཞེས་བརྗོད་འདུག

དེ་ཡང་། དེ་རིང་ཤིན་ཛོ་ཨ་བྷེ(Shinzo Abe)མཆོག་གིས་རང་ཉིད་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་བའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་བརྗོད་འདུག སྐབས་དེར་ཁོང་གིས་བརྗོད་དོན། རང་གིས་མི་མང་གི་ཆེད་དུ་ལས་དོན་ཐག་གཅོད་ལེགས་པོ་ཞིག་བྱེད་མ་ཐུབ་ན། སྲིད་བློན་གྱི་ལས་གནས་སུ་སྡོད་མི་རུང་། དེར་བརྟེན། ང་རང་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་བའི་ཐག་གཅོད་བྱས་པ་ཡིན། ཞེས་བརྗོད་འདུག

ཁོང་ད་ལྟར་དགུང་ལོ་༦༥་ཡིན་ཞིང་། ལོ་མང་རིང་རྒྱུ་ཆེན་དང་འབྲེལ་བའི་ནད་ཅིག་ཕོག་ཡོད་པ་དང་། ཉེ་སྔོན་བདུན་ཕྲག་གཅིག་གི་ནང་དུ་སྨན་ཁང་དུ་ཐེངས་གཉིས་བསྟན་གཏུགས་བྱས་ཡོད་འདུག དེར་བརྟེན། ཁོང་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་ནས་སྲིད་བློན་གྱི་ལས་གནས་ལས་དགོངས་པ་ཞུ་དགོས་བྱུང་འདུག

སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་ནི་ཉི་ཧོང་གི་སྲིད་བློན་གྱི་ཕྱག་ལས་དུས་ཡུན་རིང་ཤོས་གནང་མཁན་ཞིག་ཡིན། ༢༠༡༢་ལོར་སྲིད་བློན་ལ་བསྡད་པ་ནས་བཟུང་། ཁོང་གིས་ཉི་ཧོང་གི་དཔལ་འབྱོར་དང་རྒྱལ་སྲུང་བདེ་འཇགས་ཀྱི་སྲིད་བྱུས་ལ་འགྱུར་བ་མང་པོ་བཏང་འདུག དཔེར་ན། འཛམ་གླིང་གི་དམག་ཆེན་གཉིས་པའི་རྗེས་ནས། ཉི་ཧོང་གིས་དམག་ཤུགས་ཐོག་དཔལ་འབྱོར་ཤུགས་ཆེན་གཏོང་རྒྱུ་མིན་པ་དང་། རྒྱལ་ཁབ་གཞན་དང་དམག་འཐབ་བྱ་རྒྱུ་མིན་པ་བྱས་ཡོད། འོན་ཀྱང་། སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གིས་ཁྲིམས་གཞི་དེ་འགྱུར་བ་བཏང་ནས། ཉི་ཧོང་གིས་ཕྱིའི་རྒྱལ་ཁབ་ལ་དམག་འཐབ་བྱེད་ཆོག་པ་བྱས་ཡོད་འདུག

ད་ཐེངས། སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་སྲིད་བློག་གྱི་ལས་གནས་ནས་དགོངས་པ་ཞུས་རྗེས། ཉི་ཧོང་རང་དབང་མང་གཙོ་ཚོགས་པའི་ནང་དུ་སྲིད་བློན་འོས་མི་ཞིག་བདམ་རྒྱུ་ཡིན་པ་དང་། དེ་ནས་ཉི་ཧོང་གྲོས་ཚོགས་སུ་སྲིད་བློན་དངོས་སུ་འདེམ་རྒྱུ་ཡིན་འདུག

སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པ་དང་། ༢༠༡༡་དང་༢༠༡༢་ལོར་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་དང་ཡང་མཇལ་འཕྲད་གནང་མྱོང་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།