26
Tue, Oct

༸གོང་ས་མཆོག པར། བསྟན་འཛིན་འཇམ་འཕེལ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༧་ཚེས་༡༤ཉིན་སྤེལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བོད་ནང་གི་བོད་མི་མང་པོ་ཞིག་གིས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། དེའི་ནང་ནས་བོད་མི་ཁག་ཅིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་། འདི་ལོའི་སྐུའི་འཁྲུངས་སྐར་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་སྲུང་བརྩི་ཞུས་ཡོད་པ་དང་། བོད་ནང་དུ་གཞོན་སྐྱེས་ཚོས་སྤྱི་ཚོགས་དྲ་རྒྱ་བརྒྱུད་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་བསྟོད་དབྱངས་ཕུལ་བ་དང་། ངག་སྙན་བྲིས་པ་སོགས་གནང་ཡོད་པར་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་མཐོང་རྒྱུ་འདུག ད་དུང་སྐུའི་འཁྲུངས་སྐར་ཉིན་མཎི་གསོ་སྒྲུབ་བྱས་པ་སོགས་ཐོས་རྒྱུ་འདུག འོན་ཀྱང་། ཉིན་ཤས་རྗེས་སུ་རྒྱ་གཞུང་ཉེན་རྟོགས་པས་ཁོ་ཚོ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

དེ་དག་གི་ནང་ནས་བོད་ཁམས་དཀར་མཛེས་རྫོང་འཁྱག་ལུང་ཡུལ་ཚོ་ཧ་ཡུལ་སྡེ་བ་ནས་ཡིན་པའི་བོད་མི་དཀོན་མཆོག་བཀྲ་ཤིས་དང་རྫ་སྦོ་གཉིས་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན། སྤྱི་ཚོགས་དྲ་རྒྱའི་ཐོག་༸གོང་ས་མཆོག་ད་འབྲེལ་བའི་སྐུ་པར་དང་གསུང་ཆོས་བརྒྱུད་སྤེལ་བྱས་པ་དང་། མཎི་གསོ་སྒྲུབ་བྱེད་དགོས་པར་སྐུལ་མ་བྱས་པའི་ཉེས་མིང་བཏགས་ནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་གར་གསར་ཁང་ལ་འགྲེོལ་བརྗོད་གནང་དོན། དཀར་མཛེས་རྫོང་གི་བོད་མི་དཀོན་མཆོག་བཀྲ་ཤིས་དང་རྫ་སྦོ་གཉིས་མཉམ་དུ་ད་དུང་བོད་མི་ཉི་ཤུ་སུམ་ཅུ་ཞིག་འཛིན་བཟུང་བྱས་འདུག འོན་ཀྱང་། ཁོ་ཚོའི་མིང་དང་ད་ལྟར་གང་དུ་འཛིན་བཟུང་བྱས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མིན་འདུག ཅེས་གསུངས་སོང་།

གཞན་ཡང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་ནས་བོད་མགོ་ལོག་དང་གསེར་རྟ་སོགས་ནས་བོད་མི་ཁྱོན་སུམ་ཅུ་ཡས་མས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།