01
Mon, Jun

༢༠༡༩་ལོའི་ཟླ་༡༢་ཚེས་༩་ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་བསྟན་འཛིན་ཟླ་བ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༢་ཚེས་༩་ཉིན། བཞུགས་སྒར་རྡ་ས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་ཁང་དུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་ཉིན་མོ་དང་བསྟུན། སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་པ་དང་ཡུ་གུར་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་དང་ཁྲིམས་རྩོད་པ་ཁག་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་སྐོར། གཞན་འཛམ་གླིང་རྒྱལ་ཁབ་ཁག་གིས་གསར་འགོད་མི་སྣ་སོགས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལྟ་ཞིབ་ཆེད། རྒྱ་ནག་ཏུ་གཏོང་དགོས་པའི་ཞུ་གཏུགས་ལས་འགུལ་ཞིག་ལྡི་ལིར་སྤེལ་བའི་སྐོར་གསར་འགོད་གསལ་བསྒྲགས་བྱས་སོང་།

དེ་ཡང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་སྲུང་སྐྱོབ་ཡོང་བར། ཟླ་འདིའི་ཚེས་༤་ནས་༦་དབར་དུ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གྲངས་༡༣༥་ཡི་གཞུང་ཚབ་ཁང་དུ་འབོད་སྐུལ་ཡི་གེ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་རྩིའི་འཚམས་ཤོག་ཕུལ་ཡོད་འདུག དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལའང་དེ་མཚུངས་ཀྱི་ཞུ་ཡིག་ཕུལ་ཡོད་འདུག

ཞུ་གཏུགས་ཀྱི་ལས་འགུལ་དེའི་ནང་དུ། བོད་པ་དང་ཡུ་གུར་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་དང་ཁྲིམས་རྩོད་པ་ཁག་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་སྐོར། གཞན་འཛམ་གླིང་རྒྱལ་ཁབ་ཁག་གིས་གསར་འགོད་མི་སྣ་སོགས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལྟ་ཞིབ་ཆེད་རྒྱ་ནག་ཏུ་གཏོང་དགོས་པ་དང་། སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྒྲུབ་ཆེད་སྡེ་ཚན་ཁག་ལ་སྲུང་སྐྱོབ་བྱེད་དགོས་པ། རྒྱ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ནི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པར་བརྗོད་ཀྱི་ཡོད་པ་ནི། རྒྱལ་སྤྱིའི་ཁྲིམས་དང་འགལ་བ་རེད་ཅེས་སོགས་འཁོད་འདུག

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ། མི་ལོ་ཧྲིལ་པོ་༧༡་འཁོར་བའི་དུས་དྲན་གྱི་ཉིན་མོ་དང་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་།

འབོད་སྐུལ་འདི་ནི་འཛམ་གླིང་ཡུལ་ཕྱོགས་མང་པོ་ཞིག་དུ་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་དྲག་རྡུང་ཤུགས་ཆེན་ཕོག་པའི་དུས་སྐབས་སུ་སྤེལ་བ་ཞིན་ཡིན། དེ་ཡང་། ཁྱང་པར་དུ་རྒྱ་གཞུང་གིས་ཕྱོགས་ཡོངས་ལ་ཉུལ་ཞིབ་ལྟ་སྲུང་བྱེད་པ་དང་། འབྲེལ་ལམ་ཚང་མར་སྟངས་འཛིན་དོ་ནན་བྱེད་པ། སུན་གཙེ་བྱེད་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་གནས་ཚུལ་སྤེལ་མཁན་ཚོར་འཇིགས་སྐུལ་སོགས་བྱས་ཏེ། སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་དྲག་གནོན་ཚབས་ཆེན་བྱེད་པའི་ཉེར་ལེན་གྱིས། འགྲོ་བ་མིའི་ཐོབ་ཐང་མང་པོ་ཞིག་ལ་རྡོག་རོལ་ཐེབས་ཏེ། བོད་ནང་གི་གནས་ཚུལ་ཕྱི་ལ་ཁྱབ་ཐུབ་མེད་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་ཤས་ཀྱི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་འགོ་འཛིན་འོག སྤྱི་དམངས་ཚོགས་སྡེ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ལ་འབྲེལ་བ་མེད་པར་བཟོ་ཆེད་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་ལ་གནོན་ཤུགས་སྣ་ཚོགས་སྤྲོད་ཐབས་བྱས་ཡོད་ཀྱང་། ལམ་ལྷུང་བྱུང་མེད། རྒྱ་གཞུང་ནི་སྤྱི་དམངས་ཚོགས་སྡེ་ཁག་ལ་རང་དབང་མེད་མཁན་ཞིག་དང་། འགྲོ་བ་མིའི་ཐོབ་ཐང་ལམ་ལུགས་ནུས་མེད་སྒྱུར་པའི་ལམ་དུ་ཞུགས་ཡོད། དེས་རྒྱལ་ཁབ་གཞན་དག་ལའང་སྤྱི་དམངས་ཚོགས་སྡེ་ཁག་གིས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་ལམ་ཁ་འགོག་པའི་ངན་ཤུགས་ཐེབས་ཀྱི་ཡོད། ཅེས་བརྗོད་སོང་།

རྒྱ་གཞུང་དང་རྒྱ་གཞུང་ལྟ་བུའི་སྲིད་གཞུང་ཁག་གི་ངོས་ནས་རང་དབང་ལྡན་ལ་རྣམ་པ་མི་འདྲ་བ་དང་ལྟ་གྲུབ་སྣ་ཚོགས་འཛོམས་པའི་སྤྱི་དམངས་སྡེ་ཚན་ཁག་ལ་བརྩི་བཀུར་དང་སྲུང་སྐྱོབ་ཡོང་སླད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ཟླ་འདིའི་ཚེས་༤་ནས་༦་དབར་དུ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གྲངས་༡༣༥་ཡི་གཞུང་ཚབ་ཁང་དུ་འབོད་སྐུལ་ཡི་གེ་དང་། མི་ལོ་༧༡་འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་རྩིའི་འཚམས་ཤོག་ཕུལ་ཡོད། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལའང་དེ་མཚུངས་ཀྱི་ཞུ་ཡིག་ཕུལ་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།