22
Fri, Mar
40 New Articles

༢༠༡༩ལོའི་ཟླ་༣་ཚེས་༩ཉིན་བོད་བསྟན་སྲིད་ཀྱི་ཆེད་སེར་བྱེས་ནས་རྟ་མགྲིན་ཡང་གསང་གི་བསྙེན་པ་གཏོང་བཞིན་འདུག

བཙན་བྱོལ་གྱི་གསར་འགྱུར།
Typography

ཕྱི་ལོ་༢༠༡༩ ཟླ་ ༣ པའི་ཚེས་༩ཉིན། འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ཀྱིས་ལྷག་པའི་ལྷ་མཆོག་དཔལ་རྟ་མགྲིན་ཡང་གསང་གི་བསྙེན་པ་ཡར་འཚོགས་གནང་སོང་།

དེ་ཡང་ལོ་ལྟར་ལེགས་ཚོགས་དུ་མའི་ཆེད་དུ་དམིགས་ནས་དཔལ་རྟ་མགྲིན་ཡང་གསང་གི་བསྙེན་པ་གཏོང་མུས་ལྟར། ད་ལོ་ཡང་༧གོང་ས་༧སྐྱབས་མགོན་ཐམས་ཅང་མཁྱེན་པ་མཆོག་གཙོའི་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་མཐའ་དག་ཡིད་བཞིན་དུ་འགྲུབ་པ་དང་། རང་ཅག་བོད་མི་རྣམས་རང་དབང་ཞི་བདེའི་དཔལ་ལ་མྱུར་དུ་རོལ་ཐུབ་པའི་སླད་དང་། འཛམ་གླིང་ཞི་བདེ་དང་སོགས་ཀྱི་ཆེད་གྲངས་བཅུ་གཉིས་རིང་ལ་ཉིན་རེར་ཐུན་བཞི་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་བསྙེན་མཚམས་གྲོལ་རྒྱུ་རེད་འདུག

གསལ་བསྒྲགས་ཀྱི་ས་མིག