28
Tue, Apr
10 རྩོམ་གསར།

བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་དང་ཐུགས་རྗེ་ཆེའི་མཛད་སྒོ་ཤིག་ཚོགས་སོང་།

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༧ ཉིན། དྷ་ས་གཙུག་ལག་ཁང་དུ། བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་དང་ཐུགས་རྗེ་ཆེའི་མཛད་སྒོ་ཤིག་ཚོགས་སྐབས། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༧ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། བོད་དམག་ཟུར་པ། ཆུ་སྒང་བསྟན་སྲུང་དྭང་བླངས་དམག་ཟུར། བློ་སྒྲིག་དམག་ཟུར། དམག་སྒར་ཨང་༢༢ དམག་ཟུར་སྐུ་ཚབ། ྋརྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་གདན་འདྲེན་ཞུས་ནས་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཞེས་པ་ཞིག་ཚོགས་རྗེས། བོད་བསྟན་སྲིད་མི་རིགས་ཐད་སྐུ་ལས་སྐྱོན་མཁན་རྣམས་བོད་ཀྱི་གཟེངས་རྟགས་པ་ཞེས་པ་ཞིག་ཕུལ་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་བྱམས་བརྩེའི་ལོ་ཞེས་ལོ་འཁོར་སྲུང་བརྩི་ཞུ་བཞིན་པ་ལྟར། བདེ་སྲུང་ལས་ཁུངས་ནས་སྐལ་བཟང་གི་གོ་སྐབས་འདི་དང་བསྟུན། བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། བོད་དམག་ཟུར་པ། ཆུ་སྒང་བསྟན་སྲུང་དྭང་བླངས་དམག་ཟུར། བློ་སྒྲིག་དམག་ཟུར། དམག་སྒར་ཨང་༢༢ དམག་ཟུར་སྐུ་ཚབ། ྋརྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་གདན་འདྲེན་ཞུས་ནས་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཞེས་པ་ཞིག་ཟླ་འདིའི་ཚེས་༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་དྷ་ས་ཉེ་འགྲམ་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཚོགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༤ ཉིན་ལྷན་འཛོམས་ཀྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་པ་དང། ཆེ་བསྟོད་སྐུ་མགྲོན་ནི་ཆུ་སྒང་བསྟན་སྲུང་དྭང་བླངས་དམག་དབུ་འཛུགས་གནང་མཁན་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་བུ་མོ་རྟ་མགྲིན་ཆོས་སྐྱིད་ལགས་དང་། དྲུང་ཡིག་ལྷ་མོ་ཚེ་རིང་གི་བུ་བསྟན་འཛིན་བསོད་ནམས་ལགས། དམིགས་བསལ་སྐུ་མགྲོན་དུ་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མི་དམངས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བཅས་ཆེད་ཕེབས་གནང་ཡོད་འདུག

ལྷན་འཛོམས་འདིའི་གྲོས་གཞི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་གོ་སྟོན་ལ་རོལ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན། མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་སླད་གཞུང་དམངས་གཉིས་ནས་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ། དཔའ་བོ་དཔའ་མོ་རྣམས་ཀྱི་ཉམས་མྱོང་བཅས་ལ་གཞི་བཅོལ་ཏེ་ལས་དོན་བསྒྲུབ་དགོས་པ་ཇི་མཆིས་སྐོར་དང་། བདེ་སྲུང་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་བཅས་ཐོག་ལ་གོ་བསྡུར་སྦྱངས་བཤད་ལྷུག་པོར་གནང་ཡོད་འདུག

ཕྱི་ཚེས་༢༧ ཉིན་གྱི་སྔ་དྲོར་ཚོགས་བཅར་བ་རྣམས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་འདུག སྐབས་དེར། གྲོས་ཆོད་དེ་༸གོང་ས་ྋསྐྱབས་ མགོན་ཆེན་པོ་མཆོག་ལ་ཕུལ་ཡོད། དེའི་རྗེས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག ཐུགས་རྗེ་ཆེའི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་གནང་སོང་། ཚོགས་བཅར་བའི་ཁོངས་སུ་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། བོད་དམག་ཟུར་པ། ཆུ་སྒང་བསྟན་སྲུང་དྭང་བླངས་དམག་ཟུར། བློ་སྒྲིག་དམག་ཟུར། དམག་སྒར་ཨང་༢༢ དམག་ཟུར་སྐུ་ཚབ། ྋརྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་༨༩ དངོས་སུ་ཕེབས་ཡོད་གནང་འདུག སྐབས་དེར། བོད་བསྟན་སྲིད་མི་རིགས་ཐད་སྐུ་ལས་སྐྱོན་མཁན་རྣམས་བོད་ཀྱི་གཟེངས་རྟགས་པ་ཞེས་པ་ཞིག་ཕུལ་གནང་སོང་།