26
Fri, Apr

༸གོང་ས་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༣༡་ཉིན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་ལ་ནད་ཡམས་སྔོན་འགོག་ཐོག་རྒྱབ་སྐྱོར་གྱི་གསུང་འཕྲིན་བསྩལ། དེའི་ནང་ངོས་ཀྱི་རྒྱབ་སྐྱོར་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་རོགས་དངུལ་ཞལ་འདེབས་རྒྱག་རྒྱུ་ཡིན། ཞེས་གསུངས་འདུག

དེ་ཡང་། གསུང་འཕྲིན་གྱི་ནང་དུ། ༸གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་འཕྲད་པའི་དཀའ་ངལ་འདི་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དང་། དེའི་སེལ་ཐབས་ལ་སྒྲིག་དམ་པོ་བྱེད་དགོས་པ་ངོས་ཀྱིས་ངོ་འཛིན་བྱེད་ཀྱི་ཡོད། ཅེས་དང་།

རྒྱ་གར་གྱིས་མ་བསྐུལ་དང་བླངས་ངང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཚོགས་སྡེ་སཱར(SAARC)་དང་མཉམ་རུབ་ཐོག ཏོག་དབྱིབས་ནད་ཡམས་འགོག་ཐབས་ཐོག་ཛ་དྲག་གིི་ཐེབས་རྩ་བཙུགས་པ་དང་། གནས་ཚུལ་དང་ཤེས་ཡོན་སོགས་རྗེས་ལེན་བྱེད་ཀྱི་ཡོད་པར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལྟའི་ཟུང་འབྲེལ་ལས་ཀ་བྱེད་སྟངས་འདིས་མ་འོངས་དཀའ་ངལ་འདི་འདྲའི་རིགས་འཕྲད་སྐབས་མིག་དཔེ་ཆགས་རྒྱུ་རེད། དེར་བརྟེན། ངོས་ཀྱི་རྒྱབ་སྐྱོར་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་དཀའ་ངལ་འདི་སེལ་ཐབས་ཆེད་སྲིད་བློན་ཐེབས་རྩ་ལ་རོགས་དངུལ་ཞལ་འདེབས་རྒྱག་རྒྱུ་ཡིན། དེ་བཞིན་ངོས་ཀྱི་ལས་ཁུངས་ཀྱི་ལས་བྱེད་ཚོས་ཉིན་གཅིག་གི་གླ་ཕོགས་ཞལ་འདེབས་རྒྱག་རྒྱུ་རེད། ཅེས་གསུངས་འདུག

གོང་དུ་བརྗོད་པ་བཞིན། རྒྱལ་ཁབ་མང་པོ་ཞིག་གིས་དགོས་གནད་ཅན་གྱི་ཐེམ་སྤོང་བྱས་ཡོད་པ་དང་། མི་མང་པོ་ཞིག་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་ངོས་ཀྱིས་ཤེས་ཀྱི་ཡོད། དམིགས་བསལ་རྒྱུན་དུ་ཡོང་འབབ་ངེས་གཏན་མེད་པའི་མི་རྣམས་ཀྱིས་དཀའ་ངལ་དེ་གདོང་ལེན་བྱེད་རྒྱུར་ཁག་པོ་ཆགས་ཡོད། དེར་བརྟེན། སྲིད་བློན་གྱི་ཐེབས་རྩ་འདི་དང་འདི་ལྟ་བུའི་ཐེབས་རྩ་ཚོས་དཀའ་ངལ་འཕྲད་བཞིན་མི་རྣམས་ལ་དགོས་ངེས་ཅན་གྱི་རོགས་རམ་བྱེད་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག

མདོར་ན། ༸གོང་ས་མཆོག་ནས་རྒྱ་གར་གཞུང་གིས་ནད་དུག་སྔོན་འགོག་ཆེད་ཐབས་ཤེས་བྱེད་བཞིན་པར་ཡིད་ཆེས་དང་། དེ་བཞིན་སྔོན་འགོག་ཐབས་ཤེས་དེ་དག་གྲུབ་འབྲས་ཐོན་པའི་སྨོན་ལམ་རྒྱག་གི་ཡོད། ཅེས་འཁོད་འདུག