26
Fri, Apr

དཔལ་ལྡན་སྲིད་སྐྱོང་སྐུ་མགྲོན་གཙོ་བོར་གྱུར་བའི་ཤེས་རིག་ལས་ཁུངས་ནས་སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་རིམ་པ་གསུམ་པའི་ཁོངས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་བརྒྱད་དེ། འདི་ལོའི་ཟླ་ ༢ ནང་ཚུད་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུར་གཏན་འཁེལ་བའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྐོང་བ། པར་བ་ཆོས་ཉིད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༠༨ཉིན་སྤེལ། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་རིམ་པ་གསུམ་པའི་ཁོངས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་བརྒྱད་དེ། འདི་ལོའི་ཟླ་ ༢ ནང་ཚུད་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུར་གཏན་འཁེལ་བའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྐོང་སོང་།

དེ་ཡང་རྩིས་སྤྲོད་བྱེད་པའི་སློབ་ཁག་བརྒྱད་ནི། མོན་གྷོན་གཏན་སློབ། སྤེལ་ཀོབ་དབུས་སློབ། ཌོ་ལན་ཇི་བོན་གཞིས་ཉིན་སློབ། སྦེལ་ཀོབ་བདེ་སླར་གཞིས་སློབ། ཀོ་ལེ་གྷལ་དབུས་སློབ། ཧུན་སུར་དབུས་སློབ། སོ་ན་མདའ་དབུས་སློབ་བཅས་ཡིན་འདུག

ཡང་སློབ་ཁག་དེ་དག་ཏུ་གཞི་རིམ་གོང་མའི་དགེ་རྒན་ ༡༩ གཞི་རིམ་བར་མའི་དགེ་རྒན་ ༥༥ གཞི་རིམ་འོག་མའི་དགེ་རྒན་ ༣༣ ལུས་རྩལ་དགེ་རྒན་ ༩ ཟློས་གར་དགེ་རྒན་ ༣ དཔེ་མཛོད་དགེ་རྒན་ ༨ གློག་ཀླད་དགེ་རྒན་ ༨ ལྟ་གྲུབ་དགེ་རྒན་ ༧ ལས་དྲུང་ ༨ བཅས་ཁྱོན་དགེ་ལས་གྲངས་ ༡༥༨ ཀྱི་ས་མིག་ཡོད་པ་གསལ་བསྒྲགས་གནང་སོང་།

དེ་སྐབས་འདིའི་གསལ་བསྒྲགས་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཁ་ཤས་དང་གསར་འགོད་པ་བཅས་མི་གྲངས་ ༥༠ ལྷག་འདུག

སྐབས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབྲེལ་ཡོད་གསུང་བཤད་དུ། “ད་སྔ་རྩིས་བླངས་པའི་སློབ་གྲྭ་དག་ནི་གཞིས་ཆགས་ཁག་གི་སློབ་གྲྭ་ཡིན། ད་དུང་ལྷག་ཡོད་པའི་སློབ་གྲྭ་ཁག་དྲུག་ཡོད། གནད་འགག་ཆེ་ཤོས་འཛིན་གྲྭ ༡༠ དང་ ༡༢ རྩིས་བླངས་པ་དང་པོ་ཡིན་དུས། དེའི་ནང་དུ་དགེ་རྒན་གྱི་ས་མིག་ ༡༥༨ ལྷག་ཐོན་ཡོད་ཅིང་། བོད་པའི་སྤྱི་ཚོགས་ནང་གི་དགེ་རྒན་ཉམས་མྱོང་ཡོད་པ་རྣམས་ཀྱིས་སྙན་ཞུ་ཕུལ་བ་གལ་ཆེན་པོ་རེད། རྒྱུ་མཚན་བཀའ་ཤག་ནས་ད་ལྟ་བར་དུ་རྒྱ་གར་གཞུང་ལ་ཤེས་ཡོན་གནས་ཚུལ་ཡར་རྒྱས་སུ་གཏོང་དགོས་པ་ཤིན་ཏུ་གལ་ཆེན་རེད། བོད་པས་ཐད་ཀར་སྟངས་འཛིན་བྱེད་བཞིན་པའི་སློབ་གྲྭ་དང་བོད་སློབ་འཛིན་ཚོགས་གཉིས་ལས་བོད་པས་སྟངས་འཛིན་བྱས་པ་ཡག་པོ་ཡོང་གི་འདུག དེ་བས་ང་ཚོར་རྩིས་སྤྲད་པ་ཡིན་ན་སློབ་ཕྲུག་གི་ཤེས་ཡོན་གཙོས་གང་ཅིའི་ཐད་ནས་ཡར་རྒྱས་སུ་འགྲོ་ཡི་རེད་ཅེས་ཞུ་གཏུགས་བྱས་ཡོད། ” ཅེས་གསུངས་བཤད་གནང་སོང་བ་བཅས།།