18
Tue, Feb

མཁའ་དབྱིངས་སུ་རྒྱུན་རིང་ཤོས་སྡོད་མཁན་གྱི་བུད་མེད་ཁཱི་རིས་ཊི་ཎ་ཁཱོ་ཁཱི(Christina Koch) པར། བརྒྱུད་ལམ།

བར་སྣང་འཁོར་བསྐྱོད།
Typography

༢༠༢༠་ལོའི་ཟླ་༢་ཚེས་༡༠ཉིན་སྤེལ། ཉེ་ཆར། ཨ་རིའི་ཎ་སཱ((NASA)མཁའ་དབྱིངས་རྟོག་དཔྱོད་ཁང་གི་མཁའ་སྐྱོད་པ་ཁཱི་རིས་ཊི་ཎ་ཁཱོ་ཁཱི(Christina Koch)མཁའ་དབྱིངས་ལ་ཉིན་གྲངས་༣༢༨་བསྡད་ཐུབ་ཡོད་པ་དང་། ཁོ་མོ་ནི་མཁའ་དབྱིངས་སུ་ཞིབ་འཇུག་བྱས་ནས་རྒྱུན་རིང་ཤོས་བསྡད་མཁན་གྱི་བུད་མེད་ཐོག་མ་དེ་ཆགས་ཡོད་འདུག

དེ་ཡང་། མཁའ་དབྱིངས་རྟོག་དཔྱོད་ཁང་གི་མཁའ་སྐྱོད་པ་ཁཱི་རིས་ཊི་ཎ་ལོ་སྔོན་མའི་ཟླ་༣་ཚེས་༡༤་ཉིན། རྒྱལ་སྤྱིའི་མཁའ་དབྱིངས་(བར་སྟོང་)སུ་སྐྱོད་པ་དང་། ཉིན་གྲངས་༣༢༨་མཁའ་དབྱིངས་ལ་བསྡད་རྗེས། འདི་ལོ་ཟླ་༢་ཚེས་༦་ཉིན་རྒྱལ་ཁབ་ཁཱ་ཛཱ་ཁཱི་སཱི་ཐཱན་ལ་(Kazakhstan)་བབས་ཡོད་འདུག ཁོ་མོ་མཁའ་དབྱིངས་ལ་ཡོད་སྐབས། ཐེངས་དྲུག་མཁའ་སྐྱོད་འཕུར་གྲུ་ཕྱིར་ཐོན་ནས་མཁའ་དབྱིངས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ཡོད་འདུག མཁའ་དབྱིངས་འབབ་ཚུགས་ནི་བརྟག་དཔྱད་ཁང་བཞིན་བྱས་ནས་མཁའ་དབྱངས་སུ་འཐེན་ཤུགས་མེད་རྐྱེན། མི་ཇི་ལྟར་འཚོ་དགོས་མིན་ཐོག་ཉིན་རེའི་འཚོ་བར་བརྟག་དཔྱད་བྱས་ཡོད་འདུག

ཁོ་མོ་དང་ལས་རོགས་ཚོས་མཁའ་དབྱིངས་ལ་སྡོད་སྐབས། ཚན་རིག་གི་བརྟག་དཔྱད་བྱེད་ལས་དང་། དེ་བཞིན་འགྲོ་བ་མི་མཁའ་དབྱིངས་ལ་གནས་སྐབས་ཀྱི་འཕྲོད་བསྟེན་ཐོག་བརྟག་དཔྱད་བྱས་འདུག གཞན། ཁོ་ཚོ་དང་འཛམ་གླིང་གི་ཐོག་ཡོད་པའི་ཚན་རིག་པ་ཚོས་དང་མཉམ་དུ་ཁོ་ཚོའི་བརྟག་དཔྱད་བྱས་པའི་རྒྱུ་སོགས་དང་བགྲོ་གླེང་བྱས་ཡོད་འདུག

འགྲོ་བའི་མི་མཁའ་དབྱིངས་སུ་གནས་སྐབས། འཐེན་ཤུགས་མེད་པའི་རྐྱེན་གྱིས་གཟུགས་པོའི་རུས་པ་དང་ཤ་གནད་ལྷོད་པོ་ཆགས་ཀྱི་ཡོད་འདུག དེར་བརྟེན། ཐེངས་འདི་མཁའ་དབྱིངས་ལ་བསྡད་ནས་དེ་ཚོ་ཇི་ལྟར་གདོང་ལེན་དང་འགོག་ཐབས་བྱེད་དགོས་མིན་སོགས་ཀྱི་ཐོག་ལ་ཞིབ་འཇུག་བྱས་འདུག དམིགས་བསལ་སྨན་དང་ལུས་རྩལ་གང་ལ་བསྟེན་དགོས་མིན་བཅས་ཀྱི་ཐོག་ལ་ཉམས་ཞིབ་བྱས་ཡོད་འདུག ཁོ་ཚོས་བརྟག་དཔྱད་བརྒྱུད་མ་འོངས་མཁའ་དབྱིངས་ལ་བསྐྱོད་མཁན་ཚོར་ཉེན་ཁ་ཉུང་བ་འཕྲད་རྒྱུར་ཕན་ཐོགས་ཡོད་འདུག

གཞན། མཁལ་མའི་སྦུགས་ཕྲན་ལ་བརྟག་དཔྱད་བྱས་ཡོད་འདུག མཁའ་དབྱིངས་ལ་འཕུར་སྐབས། མཁའ་མར་སྐྱོན་རྒྱག་གི་ཡོད་འདུག དེར་བརྟེན། ཟས་གང་བསྟེན་དགོས་མིན་དང་། ཆུ་གསོ་ཉར་བཅས་ཀྱི་ཐོག་ལའང་ཉམས་ཞིབ་བྱས་ཡོད་འདུག

མཁའ་སྐྱོད་པ་ཁཱི་རིས་ཊི་ཎ་ཡིས་ཁོ་མོ་མཁའ་དབྱིངས་སུ་བསྡད་པའི་མྱོང་ཚོར་དང་ཉམས་མྱོང་ཐོག་བརྗོད་དོན། མཁའ་དབྱིངས་སུ་འཕུར་རྒྱུ་བྱུང་བ་ནི་དགའ་ཚོར་ཆེན་པོ་བྱུང་སོང་། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་རྒྱུ་རེད། ང་ཚོས་བརྟག་དཔྱད་བྱས་པ་རྣམས་ནི་མ་འོངས་འགྲོ་བ་མིར་ཕན་ཐོག་ཡོང་རྒྱུ་རེད། མཁའ་དབྱིངས་ནས་མར་སའི་གོ་ལར་ལྟ་སྐབས། ང་ཚོ་གནས་པའི་སའི་གོ་ལ་ནི་ཚེ་སྲོག་དང་ལྡན་པ་ཞིག་རེད་འདུག སའི་གོ་ལ་ནི་མཐའ་མཚམས་དང་རྒྱལ་མཚམས་མིན་འདུག ང་ཚོ་ནི་སྲོག་ལྡན་རླབས་ཆེན་ཅན་གྱི་སའི་གོ་ལ་ཐོག་གནས་ཡོད་པ་རྟོགས་སོང་། ཅེས་བརྗོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།