15
Tue, Oct

བོད་ཀྱི་ཧྭ་ཁོའི་ལུགས་ཀྱི་སྙན་ངག་ཐོག་མ་འགྲེམས་འཆར།

གསར་འགྱུར་གཞན།
Typography

ཧཱ་ཁོ་ཞེས་པའི་སྙན་ངག་གི་ལུགས་འདི་ནི་སྤྱི་ལོའི་དུས་རབས༡༧པར་བྱུང་བའི་ཉི་ཧོང་གི་སྙན་ངག་མཁན་མཱ་ཚོ་བྷ་ཞོ་བྱ་བས་ཡུལ་དེ་གའི་སྲོལ་རྒྱུན་སྙན་ངག་སྟེ། ཚེག་ཁྱིམ༣༡གིས་གྲུབ་པའི་ཐཱང་ག་ཞེས་པའི་སྙན་ངག་རྨང་བྱས་ཏེ་གསར་གཏོད་གནང་བ་ཞིག་རེད། ཡང་ཧཱ་ཞེས་བྱ་བའི་བརྡ་དོན་ནི་རོལ་རྩེད་དུ་གོ་ཞིང་། ཁོ་ཞེས་བྱ་བའི་དོན་ནི་ཚིག་རྐང་དུ་གོ་བར་རིགས་སོ།། དེ་གཉིས་གུང་བསྒྲིགས་ན་ཚིག་རྐང་གི་རོལ་རྩེད་ཅེས་པའི་དོན་ལ་ཉེ་བར་གོའོ།།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༣་ཉིན་བོད་འབྱོར་གསར་འགྱུར་ལ་ལྟར་ན། བོད་ཡིག་གི་ལམ་ནས་བྲིས་པའི་ཧཱ་ཁོ་ཞེས་པའི་སྙན་ངག་གི་ལུགས་ཀྱི་དེབ་ཐོག་མ་དེ་མི་འགྱང་བར་པེ་ཅིན་རིག་རྩལ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་འཆར་ཡོད་པ་དང་། དེབ་འདིའི་རྩོམ་པ་པོ་མྱི་གསོན་པོ་ལགས་ཀྱིས་སྔར་མེད་ཀྱི་རྩོམ་ལུས་གསར་བ་ཞིག་ཚོད་ལྟའི་ཚུལ་དུ་འབྲི་དོན་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་སྡིངས་ཆ་འཐུས་ཇེ་ཚང་དུ་འགྲོ་བར་ཕན་ནམ་སྙམ་ནས་བྲིས་པ་ཡིན་ཞེས་དང་། སྔར་མེད་ཀྱི་རྩོམ་རིག་ཅིག་བོད་རང་སྐད་ལ་གསར་དུ་བྲི་བར་དཀའ་ལས་ཤིན་ཏུ་ཆེ་ཡང་བྲིས་ན་དོན་ཆེ་བར་མཐོང་ནས། ད་ཕན་མི་ལོ་བཅུའི་རིང་དབྱིན་ཇི་དང་ཉི་ཧོང་གི་ཡིག་ཚང་དུ་བཞུགས་པའི་ཧཱ་ཁོའི་ལུགས་ཀྱི་སྙན་ངག་བྲི་ཚུལ་ལ་དཔེ་བལྟས་ནས་བོད་རང་སྐད་དུ་ཧཱ་ཁོའི་སྙན་ངག་མང་ཙམ་བྲིས་ཡོད། དེ་དག་ལས་སྐོར་ཞིག་མར་ལས་སྤུ་བསལ་བ་བཞིན་ཁོལ་དུ་ཕྱུང་ནས་དེབ་གཟུགས་སུ་བཅོས་ཏེ་དཔར་སྐྲུན་བྱེད་བཞིན་མཆིས།

འདི་ནི་རྩོམ་འབྲིར་གཞོལ་བའི་ཕྱི་རབས་བློ་གྲོས་ཡངས་པ་རྣམས་ལ་ཕན་པར་རེ་ནས་ཆུ་ལ་ཆུ་བཞག་དང་མར་ལ་མར་བཞག་གི་ཚུལ་དུ་བགྱིས་པ་ལགས་སོ་ཞེས་གསུངས་འདུག ཧཱ་ཁོ་ཞེས་པའི་སྙན་ངག་གི་ལུགས་འདི་ནི་སྤྱི་ལོའི་དུས་རབས༡༧པར་བྱུང་བའི་ཉི་ཧོང་གི་སྙན་ངག་མཁན་མཱ་ཚོ་བྷ་ཞོ་བྱ་བས་ཡུལ་དེ་གའི་སྲོལ་རྒྱུན་སྙན་ངག་སྟེ། ཚེག་ཁྱིམ༣༡གིས་གྲུབ་པའི་ཐཱང་ག་ཞེས་པའི་སྙན་ངག་རྨང་བྱས་ཏེ་གསར་གཏོད་གནང་བ་ཞིག་རེད། ཡང་ཧཱ་ཞེས་བྱ་བའི་བརྡ་དོན་ནི་རོལ་རྩེད་དུ་གོ་ཞིང་། ཁོ་ཞེས་བྱ་བའི་དོན་ནི་ཚིག་རྐང་དུ་གོ་བར་རིགས་སོ།། དེ་གཉིས་གུང་བསྒྲིགས་ན་ཚིག་རྐང་གི་རོལ་རྩེད་ཅེས་པའི་དོན་ལ་ཉེ་བར་གོའོ། །

གཞན་ཡང་རྩོམ་རིག་གསར་བ་འདིའི་བརྗོད་བྱ་ནི་མི་དང་རང་བྱུང་ཁམས། མི་དང་མིའི་བར་གྱི་བརྩེ་བ། རྩྭི་བཅུད་དང་མེ་ཏོག་འདབ་ཆགས་སོགས་སྣོད་བཅུད་གཉིས་སུ་འདུ་བར་གོར་མ་ཆག དཔེར་ན། ཡིད་ཀར་འོང་བའི་དངོས་པོ་མེ་ཏོག་ལྟ་བུ་ཞིག་བརྗོད་བྱར་བཟུང་རྟིང་། དེ་ཉིད་ཀྱི་གནས་པའི་ལུགས་གཤའ་མ་རྡུལ་ཆགས་པའི་མེ་ལོང་ཆུས་བཀྲུས་པའམ་གོས་ཕྱིས་པ་ལྟར། ཚེག་ཁྱིམ་བཅུ་བདུན་ལས་མ་འགོངས་པའི་ངག་གི་རོས་བརྗོད་བྱའི་རྐང་ཉིད་མངོན་པར་སྟོན་བཏུབ་པ་གནད་དུ་ཆེའོ། །

སྔར་སྨྲས་བཞིན་ཧཱ་ཁོའི་ལུགས་ཀྱི་རྩོམ་ལུས་ནི་ཚིག་རྐང་གསུམ་དང་ཚེག་ཁྱིམ་བཅུ་བདུན་ལས་མ་འགོངས་པ་སྟེ། དཔེར་ན། མཱ་ཚོ་བྷ་ཞོ་ལགས་ཀྱིས་སྲོལ་བཏོད་པའི་རྩོམ་ལུས་ནི་ཚེག་ཁྱིམ༥དང་། ༧དང་། ༥བཅས་བཅུ་བདུན་ལས་འགོང་མི་རུང་བར་མ་ཟད། དེ་ཡང་ཚིག་རྐང་གསུམ་དུ་དགར་བར་རིགས་སོ་ཞེས་ཐོན་ལ་ཉེ་བའི་དཔེ་འཕྲིན་དུ་འཁོད་ཡོད་འདུག