18
Wed, Sep

༢༠༡༨ལོའི་༡༢ཚེས་༢༣ཉིན། མར་མེ་རང་འབར་ཚང་གི་སྒོ་དར་ཞེས་པའི་དེབ་གསར་དབུ་འབྱེད་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༨ལོའི་ཟླ༡༢ཚེས་༢༣ཉིན། དཔེ་དེབ་༼མར་མེ་རང་འབར་ཚང་གི་སྒོ་དར།༽ཞེས་པའི་དེབ་གསར་དབུ་འབྱེད་མཛད་སྒོ་དེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་ཚོགས་པ་དང་། དཔེ་དེབ་འདི་ནི་བཙན་བྱོལ་ནང་གི་ན་གཞོན་རྩོམ་པ་པོ་དགུས་མཉམ་བྲིས་ཀྱི་དཔྱད་རྩོམ་དང་ལྷུག་རྩོམ། བསྒྱུར་རྩོམ་དང་རང་མོས་རྩོམ་སོགས་སྣ་ཕུན་སུམ་ཚོགས་པ་འདུས་པ་ཞིག་དང་རྩོམ་གྱི་སྙན་ཆ་དང་ཚིག་གི་སྡེབ་སྦྱོར་སོགས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན་འདུག

དེ་ཡང་མཛད་སྒོ་དེའི་ཐོག་ལ་སྐུ་མགྲོན་གྱི་གཙོ་བོ་སྔ་འགྱུར་མཐོ་སློབ་རྩོམ་སྒྲིག་ཁང་གི་འགན་འཛིན་སློབ་དཔོན་ཚུལ་ཁྲིམས་ཟླ་བ་ལགས་དང་རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ལགས་གཙོ་བོ་གྱུར་པའི་ཧི་མ་ལ་ཡའི་གླེང་སྟེགས་དུས་དེབ་རྩོམ་སྒྲིག་ལྷན་ཚོགས་ཀྱི་ཚོགས་གཙོ་དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་ལགས། སྲོང་བཙན་དྲྭ་བ་དང་སྲོང་བཙན་ཡིག་གཟུགས་ཀྱི་དྲྭ་བདག་དང་ཡིག་བཟོ་བ་སྲོང་བཙན་ལགས། སྔ་འགྱུར་མཐོ་སློབ་རྒྱུགས་སྤྲོད་དོ་དག་ལྷན་ཚོགས་ཀྱི་དྲུང་ཡིག་སློབ་དཔོན་འགྱུར་མེད་ལགས། སེར་བྱེས་འབྲིང་སློབ་གྲྭའི་བོད་དགེ་ཐུབ་བསྟན་རིགས་བཟང་ལགས། སྔ་འགྱུར་རྩོམ་སྒྲིག་ཁང་གི་ཚོགས་མི་ཚེ་དབང་ནོར་བུ་ལགས། སེར་བྱེས་འབྲིང་རིམ་སློབ་གྲྭའི་བོད་དགེ་ཙ་རྐང་དྲུག་ལགས་དང་།

དེ་བཞིན་སྔ་འགྱུར་རྩོམ་སྒྲིག་ཁང་གི་ཚོགས་མི་ལྷུན་གྲུབ་ལགས། ཟིལ་པ་དཔེ་དེབ་རྩོམ་པ་པོ་གླིང་ཚང་ཕྲིན་ལས་མཐར་ཕྱིན་ལགས། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་འགན་འཛིན་དང་ཚོར་བའི་རླབས་ཀྱི་དཔེ་དེབ་རྩོམ་པ་པོ་ཐུབ་བསྟན་རབ་བརྟན་ལགས། སྔ་འགྱུར་རྩོམ་སྒྲིག་ཁང་གི་ཚོགས་མི་ཐུབ་བསྟན་དབང་གྲགས་ལགས། ན་གཞོན་འབོལ་རྩོམ་རྩོམ་འབྲི་བ་གཟིག་མགོ་ཅན་ལགས། ན་གཞོན་རྩོམ་འབྲི་བ་ལྡོང་བཙན་རླུང་ལགས། མར་མེ་རང་འབར་ཚང་གི་ཚོགས་གཙོ་སྡེ་དགེ་སྐལ་བཟང་ལགས། མར་མེ་རང་འབར་ཚང་གི་ཚོགས་མི་གཟི་མིག་ལགས། མར་མེ་རང་འབར་ཚང་གི་ཚོགས་མི་ཁམས་མདའ་ནག་ལགས། བཅས་མཉམ་འཛོམས་ཀྱི་ཐོག་མཛད་སྒོ་སྤེལ་འདུག

ལྷོ་ཕྱོགས་བྱམས་པས།