20
Tue, Aug

༢༠༡༩ལོ་ནི་རྒྱ་གར་གྱི་ལོ་རྒྱུས་ནང་ཚ་བ་ཆེ་ཤོས་དེ་ཆགས་ཡོད་པར་བརྗོད་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༡༡་ཉིན་སྤེལ། གནམ་གཤིས་རིག་པས་བརྗོད་པ་ལྟར་ན། འདི་ལོ་ནི་རྒྱ་གར་གྱི་ལོ་རྒྱུས་ནང་ཚ་བ་ཆེ་ཤོས་དེ་ཆགས་ཡོད་འདུག་ཅིང་། རྒྱ་གར་གྱི་མངའ་སྡེ་ར་ཇི་སི་ཐན་གྱི་གྲོང་ཁྱེར་ཅོ་རོ་ཞེས་པ་དེར་ཉེ་ཆར་ཚ་ཚད་༥༡་ལ་སླེབས་ཡོད་པ་དང་། རྒྱལ་ས་ལྡི་ལིར་ཉེ་ཆར་ཚ་ཚད་༤༦་ལ་སླེབས་ཡོད་འདུག དེར་བརྟེན། ཚ་དྲོད་དང་འབྲེལ་བའི་ན་ཚས་མི་ཡང་འདས་གྲོངས་ཕྱིན་ཡོད་པ་དང་། ཐན་པ་ཤུགས་ཆེན་འབྱུང་གི་ཡོད་སྟབས། ཡུལ་མི་ཚོར་ཆུས་མ་འདང་བའི་དཀའ་ངལ་ཡང་འཕྲད་ཀྱིན་ཡོད་འདུག

དེ་ཡང་། རྒྱ་གར་གྱི་གནམ་གཤིས་རིག་པས་འགྲེལ་བརྗོད་བྱས་པར་ལྟར་ན། རྒྱ་གར་བྱང་ཕྱོགས་སུ་ཚ་རླབས་ཤུགས་ཆེན་སླེབས་ཀྱི་ཡོད་པ་དང་། ཟླ་༦པའི་ནང་རྒྱལ་ས་ལྡི་ལིར་ཚ་དྲོད་མཐོ་ཤོས་༤༨་སླེབས་ཀྱི་ཡིན་པའང་བརྗོད་འདུག དེ་ནི་ལོ་རྒྱུས་ནང་ལྡི་ལིར་ཚ་བ་ཆེ་ཤོས་འབྱུང་བ་ཞིག་ཡིན་འདུག གནམ་གཤིས་དེ་ནི་ཚ་དྲོད་ཆེ་ཞིང་ཧ་ཅང་སྐམ་ཡང་ཡུལ་མི་རྣམས་ལས་ཀར་འགྲོ་དགོས་ཀྱི་ཡོད་སྟབས། མི་རྣམས་ལ་དཀའ་ཁག་ཆེན་པོ་འཕྲད་བཞིན་ཡོད་འདུག

ཟླ་༦་པའི་ནང་། རྒྱ་གར་བྱང་ཕྱོགས་སུ་ཚ་རླབས་ཤུགས་ཆེན་རྒྱུགས་ཀྱི་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་ར་ཇི་སི་ཐན་གྱི་གྲོང་ཁྱེར་ཅོ་རོ་ཞེས་པར་ཚ་ཚད་༥༡་ལ་སླེབས་ཡོད་པ་དང་། ཚ་དྲོད་དང་འབྲེལ་བའི་ན་ཚས་མི་ཡང་འདས་གྲོངས་སུ་ཕྱིན་ཡོད་འདུག་པར་མ་ཟད། ཐན་པའི་དབང་གིས་ཡུལ་མི་ཚོར་ཆུས་མ་འདང་བའི་དཀའ་ངལ་ཡང་འཕྲད་ཀྱིན་ཡོད་འདུག སྤྱི་ལོ་༡༩༥༤་ནས། ད་ལོ་ནི་རྒྱ་གར་གྱི་གནམ་གཤིས་སྐམ་ཤོས་གཉིས་པ་དེ་བྱུང་ཡོད་པ་དང་། ཚ་དྲོད་རྐྱེན་གྱིས་ཆུ་མི་འདང་བའི་དཀའ་ངལ་འཕྲད་སྲིད་པ་ཡང་བརྗོད་འདུག

རྒྱ་གར་གྱི་གནམ་གཤིས་རིག་པའི་སྡེ་ཚན་ནས་བརྗོད་པར་ལྟར་ན། ཟླ་འདིའི་ནང་རྒྱ་གར་གྱི་མངའ་སྡེ་ར་ཇི་སི་ཐན(Rajastan)དང་། མ་ཧ་ར་ཤེ་ཏི་ར(Maharashtra)། མ་ཌི་ཡ་མངའ་སྡེ(Madya Pradesh)། པུན་ཇ་པུ(Punjab)། ཧ་རེ་ཡ་ན(Haryana)། ཨོ་ཊ་མངའ་སྡེ(Uttar Pradesh)་བཅས་ལ་ཚ་རླབས་ཤུགས་ཆེན་སླེབས་ཀྱི་ཡོད་འདུག

གནམ་གཤིས་ཚ་དྲོད་མཐོ་བའི་སྐབས་སུ། ཚ་བ་དང་འབྲེལ་བའི་ན་ཚའི་རིགས་འདྲ་མིན་ཕོག་སྲིད་པས། ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་དང་། ལྷག་པར་དུ། མི་དབུལ་བོ་ཚོར་བདག་སྐྱོང་བྱེད་དགོས། ཞེས་རྒྱ་གར་གྱི་གནམ་གཤིས་རིག་པའི་སྡེ་ཚན་གྱིས་ཀུན་ལ་རེ་སྐུལ་ཞུས་འདུག

གཞན་ཡང་། གནམ་གཤིས་ཚ་དྲོད་ཀྱི་རྐྱེན་པས་གྲོང་ཁྱེར་མང་པོའི་ནང་རྒྱུགས་ཆུ་དང་མཚོ་སྐམ་བཞིན་ཡོད་པའི་རྐྱེན་གྱིས་ཆུའི་དཀའ་ངལ་མི་ཡོང་བའི་ཕྱིར། མི་ཁ་ཤས་ཀྱིས་གོས་འཁྲུལ་རྒྱུར་ཡང་མཚམས་བཞག་ཡོད་འདུག

 

གསལ་བསྒྲགས་ཀྱི་ས་མིག