20
Thu, Jun
19 New Articles

གོ་ལོའི་ཚ་དྲོད་འགོག་པའི་ཐབས་ལམ་དྲུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༦་ཉིན་སྤེལ། ཉེ་ཆར་དཔྱད་ཞིབ་པ་ཁག་ཅིག་གིས་གནམ་གཤིས་འགྱུར་ལྡོག་འགོག་པའི་ཐབས་ལམ་ནུས་པ་ལྡན་ཤོས་དང་ལས་སླ་ཤོས་ཁག་ཅིག་བསྟན་ཡོད་པ་དང་། དེ་དག་ནི་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ནས་ལག་ལེན་བསྟར་ཐུབ་པ་ཞིག་ཡིན་འདུག

དེ་ཡང་། གོ་ལའི་ཚ་དྲོད་ལོ་རེ་ནས་ཇེ་ཆེ་འགྲོ་བཞིན་ཡོད་པའི་སྐབས་དང་བསྟུན། དེར་འགོག་ཐབས་གང་ཡོད་མེད་དང་མི་ཚོས་གང་བྱེད་ཐུབ་མིན་ཐོག་ལ། ཉེ་ཆར་ཌེར་ཁན(Drew Kan)་དང་། ཝི་ལི་ཧུད(Will Houp)། ཇུ་སོན་ཇོ་ཎེ(Judson Jones)། སེ་ཨོ་ཀེ(Sean O’s Key)བཅས་ནས་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ནུས་ཤུགས་བཟང་ཤོས་ཞེས་པའི་དཔྱད་ཞིབ་སྙན་ཐོ་ཞིག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་སྤེལ་ཡོད་འདུག

གནམ་གཤིས་འགྱུར་ལྡོག་འགོག་ཐབས་ནི་མི་སྒེར་རེ་རེ་དང་། སྲིད་ཇུས་བཟོ་མཁན། ཚོང་པ་བཅས་ཀྱིས་འགོག་ཐུབ་པ་ཞིག་ཡིན་འདུག ཐབས་ལམ་འདྲ་མིན་ཞིག་ཡོད་པའི་ནང་ནས། དང་པོ་ནི་ང་ཚོའི་ཟ་མ་ཟ་སྟངས་དང་དེ་བེད་སྤྱོད་གཏོང་སྟངས་རེད་འདུག ཐབས་ལམ་དེའི་ནང་དུ་གསལ་དོན། ཟ་མ་ལྷག་མ་ཉུང་ཙམ་གཡུགས་པ་དང་། ཐབ་གཙང་མའི་ཐོག་ལ་ཁ་ལག་བཟོ་བ། ཟས་ལྷག་མས་ལུད་བཟོ་བ། སྔོ་རིགས་ཀྱི་ཟས་མང་ཙམ་ཟ་བ་བཅས་བཀོད་འདུག

གཉིས་པ་ནི། མི་རྣམས་འགྲུལ་བསྐྱོད་དང་ཅ་ལག་བོར་འདྲེན་བྱེད་སྟངས་སྐོར་རེད་འདུག མི་སྒེར་གྱི་བྱེད་ཐུབ་པ་ནི། སྣུམ་སྲི་འཚག་བྱེད་ཆེད་གནམ་གྲུ་ནང་ཉུང་ཙམ་བསྐྱོད་དགོས་པ་དང་། སྲིད་ཇུས་པ་ཚོས་བྱེད་ཐུབ་པ་ནི་མགྱོགས་ཚད་མྱུར་བའི་མེ་འཁོར་མང་ཙམ་བསྐྲུན་དགོས་ཤིང་། བཟོ་གྲྭ་ཚོས་བྱེད་ཐུབ་པ་ནི། ཕན་ནུས་ལྡན་པའི་ཅ་ལག་བོར་འདྲེན་བྱེད་པ་དང་། མི་སྒེར་གྱི་བྱེད་ཐུབ་པ་ནི། གློག་གི་མོ་ཊ་གཏོང་བ་བཅས་ཡིན་འདུག

གསུམ་པ་ནི། ང་ཚོའི་ཁྱིམ་དང་གྲོང་ཁྱེར་ནང་དུ་བྱེད་ཐུབ་པའི་ལས་འགུལ་སྐོར་རེད་འདུག སྲིད་ཇུས་བཟོ་མཁན་ཚོའི་བྱེད་ཐུབ་པ་ནི། ས་ཞིང་ཡུལ་མི་ཚོར་སྤྲོད་དགོས་པ་དང་། མཚོ་འགྲམ་གྱི་བརླན་ས་ཆ་ཉར་ཚགས་བྱེད་པ། ནགས་ཚལ་སྲུང་སྐྱོབ་དང་བསྐྱར་འཛུགས་བྱེད་པ། བཟོ་གྲྭ་ཚོའི་བྱེད་ཐུབ་པ་ནི་སྨྱུག་མ་མང་ཙམ་འདེབས་པ་བཅས་ཡིན་འདུག

བཞི་པ་ནི། གློག་བེད་སྤྱོད་གཏོང་སྟངས་སྐོར་རེད། བཟོ་གྲྭ་ཚོའི་བྱེད་ཐུབ་པ་ནི། རླུང་གི་ནུས་ཤུགས་འཛུགས་བསྐྲུན་བྱེད་པ། ཉི་གློག་ཁང་འཛུགས་བསྐྲུན་བྱེད་པ། སྲིད་ཇུས་བཟོ་མཁན་ཚོའི་བྱེད་ཐུབ་པ་ནི། རླབས་ཀྱི་ནུས་ཤུགས་སྤྱོད་པ། རྡུལ་ཕྲན་གྱི་ནུས་ཤུགས་འཛུགས་བསྐྲུན་བྱེད་པ་བཅས་ཡིན་འདུག

ལྔ་པ་ནི། དངོས་པོ་དང་གད་སྙིགས་སྟངས་འཛིན་བྱེད་ཕྱོགས་སྐོར། བཟོ་ལས་པའི་བྱེད་ཐུབ་པ་ནི། ཁོར་ཡུག་ལ་ཕན་པའི་ཨར་འདམ་གྱི་འདུས་རྫས་བཟོ་བསྐྲུན་བྱེད་དགོས། མི་སྒེར་གྱི་བྱེད་ཐུབ་པ་ནི། འཁྱགས་སྒམ་དང་གྲང་གློག་ནང་གི་རྫས་ཙོག་པོ་གཙང་མ་བཟོ་བ་དང་། ཁྱིམ་ནང་དུ་ཅ་དངོས་བསྐྱར་བཟོ་དང་བསྐྱར་སྤྱོད་བྱེད་པ། ཆུ་བེད་སྤྱོད་མཁས་པོའི་ཐོག་ནས་བྱེད་པ་བཅས་ཡིན་འདུག

དྲུག་པ་ནི། བུད་མེད་ཀྱི་ནུས་སྟོབས་ཇེ་མཐོར་གཏོང་དགོས་པའི་སྐོར། བཟོ་གྲྭའི་ནང་ལ་ཕོ་མོ་འདྲ་མཉམ་དགོས་པ། བུ་མོ་ཚོར་སློབ་སྦྱོང་གོ་སྐབས་བསྐྲུན་དགོས་པ། བུད་མེད་ཚོར་ཁྱིམ་གྱི་ལས་དོན་ཐོག་ལ་འཛུལ་ཞུགས་མང་དུ་བྱེད་འཇུག་དགོས་པ་བཅས་ཡིན་འདུག

གསལ་བསྒྲགས་ཀྱི་ས་མིག