24
Sun, Mar
37 New Articles

༢༠༡༨ལོའི་ཟླ་༡༢་ཚེས་༢༧ཉིན། ཐེ་ཝན་ནང་དུ་མི་སྟོང་ཕྲུག་འགས་དཔྱད་ཁྲལ་སྤར་བར་ངོ་རྒོལ་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༨ལོའི་ཟླ་༡༢ཚེས་༢༧ཉིན།ཐེ་ཝན་ནང་མི་སྟོང་ཕྲག་འགས་ཧྥ་རན་སིའི་སྟོད་ཐུང་སེར་པའི་ལས་འགུལ་ཞེས་པ་དེ་ནང་བཞིན་དཔྱད་ཁྲལ་སྤར་བར་ངོ་རྒོལ་བྱས་ཡོད་པ་དང་། དཔྱད་ཁྲལ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག ད་ཐེངས་ཀྱི་ངོ་རྒོལ་འདི་ངོ་རྒོལ་ཐེངས་གསུམ་པ་དེ་ཡིན་འདུག

ཐེ་ཝན་རྒྱལ་ས་ཐེ་པན་དུ་ཁོ་ཚོས་སྟོད་ཐུང་སེར་པོ་གྱོན་ནས་སྐད་འབོད་དང་སྒྲ་དུང་བསྒྲགས་ནས་དཔལ་འབྱོར་ལྷན་ཁང་གི་མདུན་དུ་འཕྲེད་དར་ཞིག་གི་ཐོག་ཏུ་ཐེ་ཝན་དཔྱད་ཁྲལ་གྱི་སྲིད་ཇུས་ནི་ཁྲིམས་འགལ་རེད་ཅེས་བྲིས་ཡོད་འདུག

འདི་ནི་ང་ཚོའི་མ་འོངས་བ་ཡིན་ཞེས་ལོ་ན་༢༣་ཅན་གྱི་ཇོ་ཎ་ཐེར་གྱིས་བརྗོད་འདུག་ཅིང་། ཁོ་མོ་ནི་དབྱིན་ཇི་སྐད་ཡིག་ཐོག་སློབ་མཐར་ཕྱིན་པའི་སློབ་མ་ཞིག་རེད་འདུག

ཁོ་མོས་མུ་མཐུད་ནས་བརྗོད་དོན། ང་ཚོས་རྒྱ་ནག་དང་ཧོང་ཀོང་ནང་གི་གླ་ཆ་ལ་ལྟོས་ན། ཐེ་ཝན་དུ་དེ་འདྲའི་ཁྱད་པར་ཞིག་ཡོད་དགོས་དོན་ང་ཚོས་ཤེས་ན་འདོད། ངའི་སློབ་གྲོགས་མང་པོ་ཞིག་གིས་ཁེ་ལས་མཉམ་འདུས་བཙུགས་ནས། རང་གི་མགོ་ཁྲིད་རང་ཉིད་བྱེད་འདོད་འདུག་མོད། འོན་ཀྱང་། དཔྱད་ཁྲལ་གྱིས་རྐྱེན་པས། ཚོང་ཆུང་ཆུང་མང་པོ་ཞིག་མཚམས་འཇོག་བྱེད་དགོས་བྱུང་ཡོད།

དཔྱད་ཁྲལ་དང་ཁྲིམས་བཅོས་ཞེས་པ་ནི་ལས་འགུལ་ཚོགས་པ་ཞིག་ཡིན་པ་དང་།གཟའ་འཁོར་སྔོན་མར་ཁོ་ཚོ་མི་༢༠༠༠་ཙམ་གྱིས་སྲིད་འཛིན་ལས་ཁུངས་ཀྱི་མདུན་ནས་ངོ་རྒོལ་བྱས་ཡོད་པ་དང་།དེ་ནས་གཟའ་སྤེན་པ་ཉིན་མི་༡༠༠༠་ཞིག་གིས་ཡང་ངོ་རྒོལ་བྱས་འདུག

ལས་འགུལ་གོ་སྒྲིག་བྱེད་མཁན་གྱིས་བརྗོད་དོན།ང་ཚོ་ཉེ་ཆར་ཧྥ་རན་སི་ནང་གི་དཔྱད་ཁྲལ་ངོ་རྒོལ་ལས་སེམས་ཤུགས་འཕེར་སོང་།ལས་འགུལ་དེ་དྲག་པོ་གྱུར་ནས་མི་བཅུའི་སྲོག་ཤོར་པ་རེད།འོན་ཀྱང་། ང་ཚོ་ཐེ་ཝན་གྱི་ལས་འགུལ་འདི་ནི་ཞི་བའི་ངོ་རྒོལ་ཞིག་ཡིན།

ངོ་རྒོལ་པ་ཚོས་བརྗོད་དོན།ང་ཚོའི་དཔྱད་ཁྲལ་འཛིན་ཡིག་འབྱོར་བྱུང་།ཁྲལ་ཧ་ཅང་མཐོ་པོ་འཁྱེར་ཤོག་ཟེར།འབབ་ཁྲལ་གྱིས་ཡོང་སྒོ་དམའ་བོའི་མི་ཚོར་དཀའ་ངལ་བཟོས་ཡོད།

འཛམ་གླིང་ནང་དཔྱད་ཁྲལ་མཐོ་ཤོས་ཀྱི་རྒྱལ་ཁབ་༡༣༥་ཡི་ཐོ་གཞུང་ནས་ཐེ་ཝན་ཨང་༣༣་པ་དེ་ཆགས་ཡོད་པ་དང་། ཧྥ་རན་སི་ཨང་༡༢་པ་དེ་ཡིན་འདུག

གསལ་བསྒྲགས་ཀྱི་ས་མིག