22
Thu, Aug

པར་གྱི་ཡོང་ཁུངས་གཞོན་ནུའི་ངོ་དེབ་ཡིན།

བཙན་བྱོལ་གྱི་གསར་འགྱུར།
Typography

འདི་ཟླའི་ཕྱི་ཚེས་ ༢༢ ཉིན། བོད་ཀྱི་སློབ་མ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་རྒྱལ་རབས་ལོ་རྒྱུས་རིག་པའི་སློབ་ཚན་ནང་བརྒྱ་ཆ་ ༧༢་༩ བླངས་ཏེ། མ་ཧཱ་རཱ་ཇཱ་ས་ཡ་ཇི་རཱོ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་མཛད་སྒོ་ཐེངས་ ༦༦ ཐོག གཙུག་ལག་རབ་འབྱམས་པའི་རྩེ་ཕུད་ཨང་དང་པོའི་གསེར་གྱི་གཟེངས་རྟགས་ཐོབ་པ་ཡོད་པ་མཟད། བོད་ཀྱི་ལོ་རྒྱུས་ཐོག་ལོ་རྒྱུས་རིག་པའི་སློབ་ཚན་ནང་གསེར་གྱི་རྟགས་པ་ལེན་དང་པོ་ཆགས་ཡོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་ལ་དགའ་བསུ་དང་འབྲེལ་འཚམས་འདྲི་གནང་ཡོིད་པ་ལས། "ཐེངས་འདིར་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཡིག་རྒྱུགས་ནང་གྲུབ་འབྲས་ཧ་ཅང་བཟང་པོ་ཐོབ་པར་དགའ་སྤོབས་ཧ་ཅང་བྱུང་།  ཁྱེད་ཀྱི་གྲུབ་འབྲས་བཟང་པོ་དེས་རྒྱ་གར་དང་ཕྱི་རྒྱལ་ཡུ་གྲུ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་རྣམས་ལའང་མིག་དཔེ་བཟང་པོ་ཞིག་ཡོང་ངེས་རེད།" ཅེས་འཁོད་འདུག

སྤྱིར་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་ནི། རྡ་ཤོད་བོད་ཁྱིམ་སློབ་གྲྭ་ནས་སློབ་གཉེར་གནང་རྗེས་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་འགྲིམས་ཡོད་པ་དང་།  སློབ་མཐར་ཕྱིན་རྗེས་ཕྱི་ལོ་ ༢༠༡༢ ལོར་བྷ་རོ་ཌ་མ་ཧཱ་རཱ་ཇཱ་ས་ཡ་ཇི་རཱོ་མཐོ་སློབ་ནང་འཛུལ་ཞུགས་གནང་སྟེ་ཕྱི་ལོ་ ༢༠༡༥ ལོར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་མཐོ་སློབ་དེ་ནས་གཙུག་ལག་རབ་འབྱམས་པ་ཐོན་ཡོད་པ་བཅས།།

གསལ་བསྒྲགས་ཀྱི་ས་མིག