བོད་ཆོལ་གསུམ་དུ་མོག་མོག་རིགས་མི་འདྲ་བཟོ་ཐབས་དང་མིང་ཡང་མི་འདྲ་ས་ཡོད།
མོག་མོག་ལ་ཐ་སྙད་སྣ་ཚོགས་ཡོད་དེ། ལྷ་སའི་ཕྱོགས་སུ་མོག་མོག་དང་། ཨ་མདོའི་ཕྱོགས་སུ་ཚོད་མ་དང་། ཁམས་མི་ཉག་ཕྱོགས་སུ་ཕོ་ལོག་ཟེར། ཤ་མོག་མོག་ནི། ཟོག་ཤ་གསར་བ་དང་ཟོག་ཚིལ་རྙིད་པ། ཡང་ན་སྐམ་པོ་མཉམ་དུ་གཙབས་པར་བྲོ་རྫས་ཚྭ་དང་། གཡེར་མ། ཙོང་བཅས་བླུགས་ཏེ་སྙོམ་པར་དཀྲུག།