གྲོས་ཚོགས་ནས་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་བུད་མེད་གཉིས་བདམས་ཐོན་བྱུང་སོང་།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༨ ཉིན། བཞུགས་སྒར་དྷ་ས་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བརྒྱད་པའི་ཐོག སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་རྣམ་གཉིས་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་མང་མོས་ཀྱིས་བདམས་ཐོན་བྱུང་སོང་།