07
Sun, Dec
7 རྩོམ་གསར།

བོད་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང༌། ༼ རྒྱ་བོད་མཐུན་འབྲེལ་རྡོ་རིང༌། ༽ ཐང་ཁྲང་ཡོན་ལོ་དང་པོ་དང་ལོ་གཉིས་པ་སྟེ་བོད་ཆེན་པོའི་སྐྱིད་རྟག་ལོ་བདུན་པ་དང་བརྒྱད་པ་སྤྱི་ལོ༨༢༡ནས༨༢༢བར་ཐང་བོད་བར་ཕོ་ཉ་མངགས་ནས་རྒྱ་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་ས་ཁྲང་ཨན་དང་ལྷ་སར་མཇལ་འདུམ་ཆེན་པོ་བྱས།

བོད་རྒྱལ་ཁབ་ཆེན་པོའི་མཚོན་རྟགས་བོད་ཀྱི་རྒྱལ་དར་ནི་མི་ལོ་སྟོང་ཕྲག་བརྒལ་བའི་རྒྱལ་རབས་ལོ་རྒྱུས་ཁུངས་དག་ལྡན་ལ། བོད་གཞུང་དང་འབངས་མི། ཆོས་དང་རིག་གཞུང༌། ཆབ་སྲིད་སོགས་མཚོན་པའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཡིན་པ་རེད། གཤམ་དུ་དབུས་བོད་མི་བསྒྲིགས་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ངོ་བཤུས་ཞུས་ཏེ་འདིར་བཀོད་པས་དེ་དོན་དགོངས་འཇགས་ཞུ།

བོད་རྒྱལ་ཁབ་ནི་གནའ་སྔ་མོར་ཨེ་ཤི་ཡ་ཁྱོན་ཡོངས་སུ་དམག་དཔུང་གིས་མཚོན་གང་ཅིའི་ཐད་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དང༌། རྒྱ་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་མང་པོས་འཇིགས་སྣང་དང་གུས་བཀུར་ཞུ་སའི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་རེད། དཔེར་ན་གོང་གསལ་སེང་གེ་དང་ཉི་ཟླ་རྟགས་ཅན་གྱི་དར་ཆ་དེ་ནི་རྒྱལ་སྤྱིའི་ལོ་རྒྱུས་ཀྱི་ཁྲོད་བོད་ཀྱི་བཙན་པོའི་རྒྱལ་པོ་ཆེན་པོ་རྣམས་ཀྱི་སྐབས་སུ་བོད་ཀྱི་རྒྱལ་དར་ཡིན་ལུགས་འགྲེལ་ནས་དར་ཁྱབ་ཆེན་པོ་འགྲོ་བཞིན་འདུག