བོད་ཀྱི་མདོ་ཁམས་ལི་ཐང་བུ་མོའི་མགོ་ཆའི་སྐོར་རག་ཙམ་གླེང་བ།
ཁམས་ལི་ཐང་ཞེས་འབོད་པའི་ཡུལ་དེ་ནི་སྤོ་འབོར་སྒང་གི་ས་ཡི་ལྟེ་གནས་སུ་གྱུར་པ། གནའ་ཞིག་ནས་ལི་ཐང་ནོར་བུ་ས་ཆ་ཞེས་སྙན་པར་འབར། འཕགས་པའི་ཡུལ་དེ་སྟོད་ན་གངས་རི་བརྗིད་ཉམས་ཅན་དང༌། སྨད་ན་ནགས་ཚལ་སྟུག་པོ་ཅན། མཐའ་ན་སྤང་དང་དྲི་མ་ཞིམ་པའི་མེ་ཏོག་སྣ་དགུ་ཅན་གྱིས་བསྐོར། དེ་བས། བྱ་དང་བྱིའུ་རྣམས་ཀྱིས་སྙན་པའི་སྐད་ངག་འབྱིན་ཞིང༌།