28
Tue, Apr
10 རྩོམ་གསར།

ཕྱི་ལོ་༢༠༢༦ ལོའི་སྐབས་༡༨ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་སོང་།

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༦ ཉིན། དྷ་རམ་སའི་གཙུག་ལག་ཁང་དུ། དགེ་འདུན་པ་གཙོས་མི་མང་གིས་སྐབས་༡༨ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་ནང་མཉམ་ཞུགས་གནང་བཞིན་པ། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༦ ཉིན། འཛམ་གླིང་རྒྱལ་ཁབ་ཉེར་བདུན་ནང་གི་བོད་མི་ཚོས་ཚ་ཚ་འུར་འུར་ངང་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་རྣམས་ལ་སྔོན་འགྲོའི་འོས་འཕེན་གནང་སོང་། བཞུགས་སྒར་དྷ་སའི་རྒན་གཞོན་དར་གསུམ་གྱིས་རང་འགན་རང་འཁྱེར་གནང་ནས་སྤྱི་འཐུས་འོས་མི་རྣམས་ལ་འོས་བསྡུ་བྱ་ཡུལ་ས་ཚིགས་བཅུ་གཅིག་ནས་འོས་བླུགས་གནང་སོང་། དབུ་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་མཆོག་གིས་རྒྱ་དམར་གཞུང་ལ་འོས་བསྡུའི་ཐོབ་ཐང་མེད། ང་ཚོས་འོས་བསྡུ་ནང་ཆ་ཤས་ལེན་ནས་རྒྱ་དམར་གཞུང་ལ་བརྡ་ལེན་གསལ་པོ་སྤྲོད་དགོས། ཞེས་བརྗོད་སོང་།

དེ་ཡང་། འཛམ་གླིང་གི་རྒྱལ་ཁབ་༢༧ ནང་གནས་ཞུགས་བྱས་ཡོད་པའི་བོད་མི་རྣམས་ཀྱིས་སྐབས་༡༨ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་སོང་། བཞུགས་སྒར་དྷ་རམ་ས་ནས་སྐབས་༡༨ བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་གཙུག་ལག་ཁང་། མེག་གྷན་ཉིན་སློབ། གངས་སྐྱིད་སྤྱི་ཐབ། དྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང༌། ཤུག་གསེབ་བཙུན་དགོན། ས་རཱ་མཐོ་སློབ། ཤེང་རབ་དགའ་ཚལ་སློབ་གླིང༌། གྷོ་པལ་པུར་བོད་ཁྱིམ། ཅ་མུན་ཌ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རྒྱུད་སྟོད་དགོན་པ་བཅས་སུ་གནང་སོང་།

གོང་ཉིན་གྱི་ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པ་ནས་བཞུགས་སྒར་དྷ་ས་གཡས་གཡོན་གནས་མཁན་གྱི་བོད་མི་རྒན་གཞོན་དར་གསུམ་གྱིས་རང་འགན་རང་འཁྱེར་གནང་ནས་སྤྱི་འཐུས་འོས་མི་རྣམས་ལ་འོས་བསྡུ་བྱ་ཡུལ་ས་ཚིགས་བཅུ་གཅིག་ནས་འོས་བླུགས་གནང་སོང་།

སྤྱིར་འདི་ལོར་རྒྱ་བལ་འབྲུག་གསུམ་ནང་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གྲངས་༥༦,༧༤༩ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པའི་དེབ་སྐྱེལ་གྲངས་༣༤,༢༩༣ བཅས་ཁྱོན་བསྡོམས་དེབ་འགོད་བྱེད་མཁན་འོས་འཕེན་གྲངས་༩༡,༠༤༢ བྱུང་ཡོད་འདུག སྔོན་འགྲོའི་འོས་བསྡུ་ནང་དངོས་སུ་འོས་འཕེན་མཁན་གྲངས་ ༥༡,༡༤༠་བྱུང་ཡོད་འདུག

སྤྱིར། ཕྱི་ལོ་༢༠༢༦ ཟླ་༢ ཚེས་༡༣ ཉིན། དབུས་འོས་བསྡུ་ལས་ཁང་ནས་གསར་འགོད་གསལ་བསྒྲགས་སྤེལ་དོན་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་༣༡,༣༢༥ ཐོབ་ནས་བརྒྱ་ཆ་༦༡ བརྒལ་ཡོད་པར་བརྟེན། འོས་བསྡུའི་སྒྲིག་གཞི་གཞིར་བཟུང་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ནང་འགྲོ་མི་དགོས་བསྐྱར་དུ་སྲིད་སྐྱོང་ལོ་ལྔར་འདེམས་ཐོན་བྱུང་སོང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་༡༧,༨༤༣ ཐོབ་ཡོད་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསུང་དོན། དེ་རིང་གི་འོས་བསྡུ་འདི་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་ང་ཚོའི་བོད་རང་དབང་འཐབ་རྩོད་ནང་ཁྲིམས་བཟོ་ལྷན་ཁང་གི་ལས་འགན་གལ་ཆེན་ཞིག་འཁྱེར་གྱི་ཡོད་པ་དང་། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་སྲིད་གཞུང་འདི་གལ་ཆེན་པོ་ཡིན་པས། བོད་མི་ཚང་མས་རང་གི་ཐོབ་ཐང་དང་འགན་འཁྲི་བེད་སྤྱོད་བྱས་ཏེ་མཐའ་མའི་སྤྱི་འཐུས་འོས་བསྡུར་འོས་ཤོག་འཕེན་རྒྱུ་གལ་ཆེན་རེད།

ཁོང་གིས་མུ་མཐུད་ནས་གསུང་དོན། སྔོན་འགྲོའི་འོས་བསྡུའི་རྗེས་སུ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ང་ཚོའི་དམངས་གཙོའི་ལམ་ལུགས་དང་འོས་བསྡུར་འཁྱོག་བཤད་བྱས་ཡོད། འོན་ཀྱང་། ཁོ་ཚོར་བཙན་བྱོལ་བོད་མིའི་འོས་བསྡུའི་ཐོགབཤད་པའི་ཐོབ་ཐང་ངམ་དབང་ཚད་མེད། ཁོ་ཚོས་རྒྱ་ནག་ནང་དྲང་བདེན་དང་རང་དབང་གི་འོས་བསྡུ་བྱེད་ཀྱི་མེད། ང་ཚོ་བཙན་བྱོལ་བོད་མི་ཚོས་དྲང་བདེན་དང་རང་དབང་ངང་འོས་བསྡུ་མུ་མཐུད་ནས་བྱེད་ཀྱི་ཡོད།

ཁོང་གིས་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་ཁྲིམས་འགལ་གྱིས་བཙན་བཟུང་བྱས་པ་མ་ཟད། བོད་མི་ཚོའི་ཚབ་བྱེད་ཀྱི་ཡོད་ཅེས་བརྗོད་དེ། བོད་ནང་གི་བོད་མི་རྣམས་“སྐྱིད་པོ་དང་ཡར་རྒྱས་ཕྱིན་པ་”ཡིན་ཞེས་བཤད་ཀྱི་ཡོད་ཀྱང་། དོན་དངོས་ནི་དེ་ལས་ལྡོག་པ་རེད། ཉེ་ཆར་ཁོང་ཚོས་བོད་ཀྱི་འོས་བསྡུ་ནི་“ཁྲིམས་འགལ་”ཡིན་ཞེས་བརྗོད་པ་དེ་ནི་དགོད་བྲོ་བ་ཞིག་རེད། གལ་ཏེ་ཁོང་ཚོར་བློ་ཁོག་ཡོད་ན། བོད་ནང་གི་བོད་མི་ཚོར་འོས་འཕེན་པའི་ཐོབ་ཐང་སྤྲོད་དགོས་ཀྱང་། ཁོང་ཚོས་དེ་ལྟར་བྱེད་མི་ཕོད། ང་ཚོའི་བཙན་བྱོལ་བའི་འོས་བསྡུ་དེས་ང་ཚོའི་བོད་ཀྱི་རང་དབང་འཐབ་རྩོད་མུ་མཐུད་གནས་ཡོད་པ་དང་། རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་ཁྲིམས་འགལ་གྱིས་བཙན་བཟུང་བྱས་པར་ངོས་ལེན་མེད་པ་མཚོན་གྱི་ཡོད། ཅེས་སོགས་གསུངས་སོང་།