ལོ་རྒྱུས་རིང་བཞིན་ལྡན་པའི་བོད་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་ས་རུ་བཞེངས་ཡོད་པའི་རྡོ་རིང༌གསུམ།

བོད་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང༌། ༼ རྒྱ་ནག་རྒྱལ་ཁབ་དང་བོད་བཙན་པོའི་རྒྱལ་ཁབ་དབར་གྱི་མཐུན་འབྲེལ་རྡོ་རིང༌། ༽ ཐང་ཁྲང་ཡོན་ལོ་དང་པོ་དང་ལོ་གཉིས་པ་སྟེ་བོད་ཆེན་པོའི་སྐྱིད་རྟག་ལོ་བདུན་པ་དང་བརྒྱད་པ་སྤྱི་ལོ༨༢༡ནས༨༢༢བར་ཐང་བོད་བར་ཕོ་ཉ་མངགས་ནས་རྒྱ་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་ས་ཁྲང་ཨན་དང་ལྷ་སར་མཇལ་འདུམ་ཆེན་པོ་བྱས། རྒྱ་དམར་གཞུང་གིས་རྡོ་རིང་ཐོག་ཡོད་པའི་ཡི་གེ་རྣམས་ནག་བསུབ་དང་བཟོ་བཅོས་བཏང་ཡོད་མེད་ལ་དོགས་པ་བྱེད་མཁན་མང་པོ་ཡོད་པ་རེད།