13
Tue, Apr

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༨ཉིན། རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོན་ཎི་ཡིས་གཏམ་བཤད་གནང་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཙེས་༨ཉིན། རྒྱལ་སྤྱིའི་བུད་མེད་ཉིན་མོར་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་ནང་གི་བུད་མེད་བཅུ་བཞིར་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་ཞེས་གཟེངས་རྟགས་ཕུལ་ཡོད་པ་དང་། གཞན་ཨ་ཧྥི་གྷ་ནི་སིའི་བུད་མེད་བདུན་ལ་ཆེད་བསྟོད་གཟེངས་རྟགས་ཤིག་ཀྱང་ཕུལ་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠་པའི་ཐོག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོན་ཎི་མཆོག་(Antony)དང་སྲིད་འཛིན་བྷ་ཌན་གྱི་ལྕམ་ཇིན་བྷ་ཅན་མཆོག་རྣམ་གཉིས་ཀྱིས་དྲ་ཐོག་ནས་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་(International Women of Courage (IWOC) Awards )སྤྲོད་པའི་མཛད་སྒོ་ཞིག་ཚོགས་འདུག

འདི་ལོའི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཐོབ་མཁན་ནི། རྒྱལ་ཁབ་བྷེ་ལ་རུ་སུ(Belarus)ནས་ཡིན་པའི་ཆབ་སྲིད་པ་བུད་མེད་མར་རིའ-ཁེ་ལི་སི་ནི་ཁ་ཝ(Maria Kalesnikava)་དང་། འབར་མ(Burma)ནས་ཡིན་པའི་ལས་འགུལ་བ་བུད་མེད་ཧྥ་ཡོ་ཧྥ་ཨམ(Phyoe Phyoe Aung)། ཁཱམ་མེ་རོན(Cameroon)་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་མཱ་སི་མིན་ནེ-ཁེབ(Maximilienne Ngo Mbe)། རྒྱ་ནག་ནས་ཡིན་པའི་ཁྲིམས་རྩོད་པ་བུད་མེད་ཝང་ཡུ(Wang Yu)། ཀོ་ལམ་བྷེ་ཡ(Colombia)ནས་ཡིན་པའི་བུད་མེད་ཐོབ་ཐང་རྩོད་མཁན་མཱ་ཡེར་ལིས-ཨན་གྷ་རི་ཊ(Mayerlis Angarita)། ཀོན་གྷོ་མང་གཙོ་སྤྱི་འཐུས་རྒྱལ་ཁབ་(Democratic Republic of the Congo)ནས་ཡིན་པའི་བུད་མེད་ཐོབ་ཐང་རྩོད་མཁན་ཇུ་ལིན་ནེ-ལུ་སེན་གྷེ(Julienne Lusenge)།

ཨི་རན་(Iran)ནས་ཡིན་པའི་བུད་མེད་ཤོ་རེ-བྷ་ཡ(Shohreh Bayat)། གྷ་ཊེ་མ་ལ་(Guatemala)ནས་ཡིན་པའི་བུད་མེད་ཁྲིམས་རྩོད་པ་ཨི་རི་ཁ-ཨི་ཧྥན(Erika Aifan)། བལ་ཡུལ་(Nepal)ནས་ཡིན་པའི་བུད་མེད་ཐོབ་ཐང་རྩོད་མཁན་མུ་སི་ཁན-ཁ་ཊུན(Muskan Khatun)། སཱོ་མཱ་ལཱི་ཡཱ་(Somalia)ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཛ་རཱ་མཱོ་ཧཱ་མེཌ-ཨཱ་མཌ(Zahra Mohanmed Ahmad)། སི་པན་(Spain)ནས་ཡིན་པའི་ཉམས་ཐག་ལྟ་སྐྱོང་བྱེད་མཁན་ཝཱ་ཁ་སི-མོ་རོ(Vacas Moro)། ཝེ་ནེ་ཛུ་ལཱ་(Venezuela)ནས་ཡིན་པའི་ལས་འགུལ་བ་ཨཱ་ན་རོ་སཱ་རི-ཀོན་ཊེར་རཱ(Ana Rosario Contreras)། ཊུར་ཁེ་(Turkey)་ནས་ཡིན་པའི་ཕོ་མོ་འདྲ་མཉམ་ཐོབ་ཐང་རྩོད་མཁན་ཀཱ་ནན་གྷུ་ལུ(Canan Gullu)། སིང་གྷ་ལཱ་ནས་ཡིན་པའི་ཁྲིམས་རྩོད་པ་རཱ་ནི་ཐཱ-གྷ་ནན་རཱ་ཇཱ(Ranitha Gnanarajh)། བཅས་ཡིན་འདུག ད་དུང་ཨ་ཧྥི་གྷ་ནི་སི་ཐན་ནས་བུད་མེད་བདུན་ལ་ཆེ་བསྟོད་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག

གཟེངས་རྟགས་འདི་ནི་ཕྱི་ལོ་༢༠༠༧ ལོར་འགོ་བཙུགས་ཡོད་ཅིང་། ལོ་རྟག་སྤྱི་ཟླ་༣་ཚེས་༧ཉིན་ཏེ་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་འབུལ་བཞིན་ཡོད་འདུག འདི་ལོ་ནི་ཐེངས་༡༥་པ་དེ་ཡིན་པ་དང་། གཟེངས་རྟགས་འདི་ནི་འཛམ་གླིང་ནང་དུ་ཞི་བདེ་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་། ཕོ་མོ་འདྲ་མཉམ། བུད་མེད་ནུས་སྟོབས་གོང་འཕེལ་བཅས་ཀྱི་ཐོག་ནུས་པ་དམིགས་བསལ་འདོན་མཁན་དང་ཞབས་ཞུ་སྒྲུབ་མཁན་གྱི་བུད་མེད་སྙིང་སྟོབས་ཅན་དང་འགོ་ཁྲིད་ཀྱི་ནུས་པ་ཡོད་མཁན་རྣམས་ལ་སྤྲོད་ཀྱི་ཡོད་འདུག

ཕྱི་ལོ་༢༠༡༣་ལོར་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་སྤྲད་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།