16
Sat, Jan

༸གོང་ས་མཆོག་གིས་ཀོ་རི་ཡ་དད་ལྡན་མང་ཚོགས་ལ་གསུང་ཆོས་གནང་སྐབས། པར། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ལས་བླངས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡་ཚེས་༧ཉིན་སྤེལ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཟླ་བ་འདིའི་ཚེས་ ༥ ནས་ ༧ བར་ཉིན་གསུམ་གྱི་རིང་དྲྭ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་གནང་སྟེ་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲི་ཁག་ལ་ཐུགས་བརྩེ་བ་ཆེན་པོས་བཀའ་ལན་གནང་སོང་། སྐབས་དེར། སེམས་བཟང་པོ་བསྐྱེད་རྒྱུ་དེ་ཕན་ཡོན་ཆེན་པོ་ཞེ་དྲགས་རེད། འཕྲལ་དུ་རང་ཉིད་ཀྱི་སེམས་ལྷོད་ལྷོད་ཆགས་རྒྱུ་མ་ཟད། རང་བཞིན་གྱིས་ངོ་ཤེས་པ་མང་པོ་ཐུག་ན་ཁོ་རང་ཚོ་ཡང་སེམས་ལྷོད་ལྷོད་ཆགས་ཀྱི་རེད། ཅེས་༸གོང་ས་མཆོག་གིས་གསུངས་འདུག

དེ་ཡང་། ཉིན་དང་པོའི་གསུང་ཆོས་སྔ་དྲོ་ཆུ་ཚོད་༩ པ་ཟིན་ལ་ཉེ་དུས་དྲྭ་ལམ་དུ་ཕེབས་མཚམས་གསུང་ཆོས་དབུ་འཛུགས་གནང་སྟེ། མགོན་པོ་མཆོག་གིས་སྔོན་འགྲོའི་བཀའ་སློབ་སྩལ་སྐབས་ཤེས་རབ་སྙིང་པོ་འདི་ནི་ཤེར་ཕྱིན་ཉེར་ལྔ་བ་ཟེར་བ་དེ་རེད་ཚིག་ཉུང་ཉུང་དོན་དག་འདུས་ཆེན་པོ་ཞིག་རེད་གསུངས་སོང་། མགོན་པོ་མཆོག་གིས་གསུང་དོན་སྔོན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས། ཤེས་རབ་ཅེས་པའི་མིང་འདི་ནི་སངས་རྒྱས་པའི་ཆོས་ཀྱི་ནང་དུ་དད་པ་གཅིག་པུ་མ་ཡིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བསམ་བློ་བཏང་ནས་དད་པ་དང་ཤེས་རབ་ཅེས་གལ་ཆེན་པོ་རེད་དེ་གཙོ་བོ་ཤེས་རབ་རེད། ཅེས་གསུངས་ཏེ་དངོས་ཡོད་གནས་ཚུལ་གང་ཡིན་ནའང་ཤེས་རབ་ཀྱིས་དཔྱོད་པ་བྱས་ཏེ་རྒྱུ་མཚན་དང་ལྡན་ན་ཡིད་ཆེས་བྱོས་ཅེས་བཀའ་གནང་སོང་།

ཡང་མགོན་པོ་མཆོག་གིས་གསུང་དོན་ཤེར་ཕྱིན་གྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་སྔོན་ལ་ཚིག་ལ་བསམ་བློ་བཏང་། གང་ལྟར་སྔོན་ལ་ཐོས་བྱུང་གི་གོ་བ་སྐྱེས། དེ་ནས་བསམ་བྱུང་གི་གོ་བ་སྐྱེས། རིམ་བཞིན་ཉམས་མྱོང་སྐྱེས་ཡོང་བ་ཞིག་གི་བསམ་བློ་བཏང་ཡོང་སྐབས་མངོན་རྟོགས་རྒྱན་དང་རྩ་བ་ཤེས་རབ། དབུ་མ་འཇུག་པ། གྲྭ་ས་ལ་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བཅས་དབུ་ཕར་ལ་གཙོ་བོར་བལྟ་བཞིན་ཡོད་པ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ཆེ་བའི་ལམ་གྱི་རིམ་པ་འདི་དག་ཧ་ཅང་གལ་ཆེན་པོ་རེད། དེ་མངོན་རྟོགས་རྒྱན་དུ་ཧ་ཅང་ཡག་པོ་གསུངས་ཡོད་པ་རེད། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ནི་ཤེར་ཕྱིན་གྱི་མདོ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་སྐོར་ལ་གསུངས་པ་ཞིག་ཆགས་ཡོད། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ཞེས་པའི་ཚིག་འདི་དག་ནི་སྟོང་ཉིད་བཞི་སྐོར་ཟེར་བ་དེ་རེད། ཧ་ཅང་གནད་ཆེན་པོ་རེད། སྟོང་པ་ཉིད་སྟོང་པ་ཉིད་ཟེར་དུས་ནམ་མཁའ་སྟོང་པ་ལྟ་བུའམ་གང་ཡང་མེད་པ་ཞིག་མ་རེད། ང་ཚོར་རྒྱུན་དུ་འབྲེལ་བ་ཡོད་པའི་སྟོང་གཞི་ཆོས་ཅན་གཟུགས་རོ་སོགས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་པ་ལ་བསམ་བློ་བཏང་ཡོང་སྐབས་གཟུགས་སྟོང་པའོ་ཞེས་གཟུགས་རོ་སོགས་ལ་བརྟག་དཔྱད་སྐབས་བློ་ལ་སྣང་བ་ལྟར་གྱི་ཚུགས་ཐུབ་པ་ཞིག་གཏན་ནས་མེད་པ་ཞིག་དང་། སྟོང་པ་ཉིད་གཟུགས་སོ་ཞེས་པ་ནི་སྟོང་པ་ཞེས་པ་ནི་གང་ཡང་མེད་པའི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། རྟེན་ནས་འབྱུང་བའི་སྟོང་པ་བཤད་ཀྱི་ཡོད་པས་ལྟོས་ནས་ཡོད་པ་དང་། དཔེར་ན། གཟུགས་ལྟ་བུར་ཆ་བཞག་ན་གཟུགས་ཆེན་པོ་དང་ཆུང་ཆུང་། དབྱིབས་དང་ཁ་དོག་མི་འདྲ་སོགས་ནི་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་ལ་བལྟས་ནས་ཆོས་ཅན་དེའི་རྣམ་གཞག་བཤད་བཞིན་ཡོད་ཅེས་དང་།

མགོན་པོ་མཆོག་གིས་དེང་སྐབས་འཛམ་གླིང་འདིར་ང་ཚོ་མི་ཚང་མ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན་ནའང་། དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་ཞེ་ཅིག་རེད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཁ་ཁ་རེད། མི་ཚེ་འདིར་འདོད་དང་མི་འདོད་པའི་རྐྱེན་བྱས་ནས། ཕྲག་དོག་དང་འགྲན་སེམས། ང་རྒྱལ། སྡུག་ས་ནས་གསོད་རེས་བྱེད་པ་ཚུན་ཆད་ཆགས་སྡང་གི་བློ་ཤུགས་ཆེན་པོ་སྐྱེས་ནས་རྙོག་དྲ་དེ་དག་ཡོང་གི་ཡོད། ཚན་རིག་པ་ཚོས་ཀྱང་དེ་ལྟར་བཤད་ཀྱིན་འདུག སེམས་མི་སྐྱིད་པ་ཡོང་བ་དེ་སེམས་ནང་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རྐྱེན་གྱིས་ཨ་འཐས་ཀྱིས་འཛིན་པས་ཕྱོགས་ལྷུང་ཤུགས་ཆེན་པོ་ཞིག་བྱས་ནས་ཡོང་གི་ཡོད་པ་ཧ་ཅང་གསལ་བོ་རེད།་ཅེས་མགོན་པོ་མཆོག་གིས་ཉིན་པོའི་སྔོན་འགྲོའི་གསུང་ཆོས་སྟོང་ཉིད་སྐོར་ཧ་ཅང་ཟབ་རྒྱས་དང་འབྲེལ་ཤེས་རབ་སྙིང་པོའི་ཉིན་པོའི་གསུང་ཆོས་ལེགས་པར་གྲུབ།

གསུང་ཆོས་ཉིན་གསུམ་པ་ཉིན་ཐོག་མ་སྔོན་འགྲོའི་བཀའ་སློབ་སྩལ་གནང་མཛད་སྐབས་གསུང་དོན། ང་ཚོ་བླ་མའི་དྲུང་ནས་བཤད་པ་ཅིག་བྱུང་ན་ཚར་གཅིག་ཐོས་སོང་ཟེར་བ་དེ་མིན་པ། དེ་བསྐྱར་དུ་བསམ་བློ་གཏོང་སོ་སོ་བསམ་བློ་གཏོང་ནས་ཉིན་རེ་བཞིན་དུ་ཤར་སྒོམ་བྱེད་ཡ་དེ་གལ་ཆེན་པོ་རེད། དེ་ཉིན་ལྟར་བསམ་བློ་གཏོང་པ་ཡིན་ན་རིམ་པའི་རིམ་པའི་ཐོག་མར་ཐོས་བྱུང་གི་གོ་བ་བསྐྱེད་པ་དེ་རིམ་པའི་བསམ་བློ་གཏོང་པ་ལས་ཏོག་ཙམ་སེམས་ནང་ལ་ངེས་པར་སྐྱེས་ཡ་ཅིག་དང་། ངེས་པ་སྐྱེས་པ་དེ་ཡང་ཡང་འདྲེས་པ་བྱས་ན་དངོས་གནས་དྲང་གནས་སེམས་ནང་འགྱུར་བ་ཐེབས་པ་ཞིག་ཡོང་ངེས་རེད་ཅེས་དང་། དཔེ་ཆ་ཀློག་དགོས་པ། ཆོས་འབྲེལ་ཐོབ་པ་ནི་ཐོབ་གྲངས་བསགས་པ་ཙམ་མིན་པ་སེམས་འགྱུར་བ་གཏོང་རྒྱུ་དེ་ཡིན་ཚུལ་གྱི་བཀའ་སློབ་ཟབ་རྒྱས་དང་འབྲེལ་ཤེས་རབ་སྙིང་པོའི་གསུང་ཆོས་མཇུག་ལེགས་པར་གྲུབ་རྗེས།

བོད་ནང་ནས་ཇི་ལྟར་གསོལ་བ་འདེབས་པ་བཞིན་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་དབང་གནང་ཡོད་པ་དང་། དེ་རྗེས་བྱང་ཆུབ་སེམས་པའི་སྡོམ་པ་སྩལ་གནང་མཛད་སྐབས་གསུང་དོན། སེམས་བཟང་པོ་བསྐྱེད་རྒྱུ་དེ་ཕན་ཡོན་ཆེན་པོ་ཞེ་དྲགས་ཅིག་རེད་འདུག འཕྲལ་དུ་སོ་སོ་སེམས་ལྷོད་ལྷོད་ཆགས་ཡ་དང་རང་བཞིན་གྱིས་ངོ་ཤེས་པ་མང་པོ་ཐུག་ན་ཁོ་རང་ཚོ་ཡང་སེམས་ལྷོད་ལྷོད་ཆགས་ཡ་ཅིག་དང་། འཛམ་བུ་གླིང་འདིའི་གོང་གི་འགྲོ་བ་མི་གཙོ་བོ་གྱུར་པའི་སྲོག་ཆགས་ཚང་མ་ལ་ཕན་བདེ་སྒྲུབ་པར་སེམས་བཟང་པོ་ཅིག་སྐྱེས་ཡོང་དུས་རང་བཞིན་གྱིས་ནང་ཚགས་ཆགས་ཡ་དང་ཚང་མས་དགའ་པོ་བྱེད་ཀྱི་ཞེ་དྲགས་གལ་ཆེན་པོ་རེད་འདུག ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོ་མི་ལུས་ཐོབ་པ་ཡང་ཡང་ཡོད་མ་རེད། གཏན་ཁེལ་བ་ཞིག་ཁག་པོ་རེད་ད་རེས་མི་ལུས་གཅིག་ཐོབ། བསྟན་པ་ཡོངས་རྫོགས་མཇལ་བའི་སྐབས་འདིར་དོན་གྱི་སྙིང་པོ་ཞིག་བླང་གིན་ཡིན་བསམ་པ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱུ་དེ་རེད། སྨོན་སེམས་ཆོ་གས་བཟུང་ན་མཇུག་སྡོམ་བླང་ཡ་དེ་མཉམ་དུ་འགྲོ་དགོས་རེད་ཅེས་གསུང་ཟབ་རྒྱས་གནང་རྗེས་མཇུག་སྡོམ་གནང་ལེགས་པར་གནང་གྲུབ་རྗེས་བཀའ་འདྲི་ཁག་ལ་ལྗགས་ལན་གནང་སོང་། མཐའ་མར། ༸གོང་ས་མཆོག་གིས་གསུང་དོན་། ང་ཚོ་ནད་ཡམས་ཀྱིས་རྐྱེན་པས་མི་དངོས་སུ་ཐུག་པར་དཀའ་ངལ་སྤྲོད་ཀྱི་ཡོད་རེད། ཡིན་ནའང་ང་ཚོ་སེམས་ལ་འགྱུར་བ་གཏོང་རྒྱུ་དང་སེམས་ཀྱི་བདེ་སྐྱིད་སྒྲུབ་རྒྱུ་ཅིག་ཡིན་པས་དྲ་རྒྱ་ཐོག་ནས་ད་ལྟ་བཞིན་དུ་ཕན་ཚུན་སྐད་ཆ་བཤད་རྒྱུ་དང་བགྲོ་གླེང་གོ་བསྡུར་སོགས་མུ་མཐུད་ནས་བྱ་ཐུབ་ཀྱི་རེད། ཚང་མ་བློ་བདེ་པོ་བྱས་ནས་བཞུགས། ཐུགས་རྗེ་ཆེ་ཅེས་བཀའ་སྩལ་རྗེས་འཇམ་དཔལ་དཔའ་བོ་སོགས་ཀྱིས་ཚིགས་བཅད་སྨོན་ཚིག་གིས་དགེ་བ་རྫོགས་བྱང་དུ་བསྔོས་ཏེ་ད་ཐེངས་གསུང་ཆོས་མཇུག་ལེགས་པར་གྲུབ་སོང་།

སེམས་བསྐྱེད་ཀྱི་ཆོས་འབྲེལ་རྒྱལ་བ་རིན་པོའི་ངོ་དེབ་ནང་ཐད་གཏོང་དང་། དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་དྲྭ་ལམ་ཁག་ནས་བོད་སྐད་དང་། དབྱིན་སྐད། རྒྱ་སྐད། ཀོ་རི་ཡའི་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ལ་འཛམ་གླིང་གང་ས་ནས་དད་ལྡན་པ་ཚོས་གསུང་ཆོས་ལེགས་པར་ཐོབ་ཡོད་པ་རེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།