20
Sat, Apr

ཏོག་དབྱིབས་གཉན་སྲིན་དངུལ་སྒོར་དང་ཁ་པར་ཐོག་ཉིན་ཉེར་བརྒྱད་ལ་གནས་ཐུབ་ཡོད་འདུག པར། བརྒྱུད་ལམ།

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༡༢ཉིན། ཨོ་གླིང་རྒྱལ་ཡོངས་ཚན་རིག་ཚོགས་པས་ཏོག་ནད་ཐད་ཉམས་ཞིབ་སྙན་ཐོ་ཞིག་བཏོན་ཡོད་ཅིང་། དེའི་ནང་དུ། ས་ཆ་གྲང་མོ་དང་ནག་ཁུང་དུ་དངུལ་སྒོར་དང་ཁ་པར་ཐོག་ཏུ་ཏོག་དབྱིབས་གཉན་སྲིན་༡༩་པ་ཉིན་ཉེར་བརྒྱད་རིང་གསོན་པོར་གནས་ཐུབ་ཀྱི་ཡོད་པར་འཁོད་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་ཁག་ན་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་རྒྱལ་ཡོངས་ཚན་རིག་ཚོགས་པ(CSIRO)ཡིས་ཚ་ཚད(temperature)རིམ་པ་གསུམ་གྱི་ནང་དུ་ཏོག་དབྱིབས་གཉན་སྲིན་ཚེ་རིང་པོ་ག་ཚོད་གནས་ཐུབ་མིན་ཐོག་བརྟག་དཔྱད་བྱས་ཡོད་འདུག ཚ་ཚད་༢༠་ནང་དུ་ཏོག་དབྱིབས་གཉན་སྲིན་༡༩་པ་ཕྱི་ངོས་འཇམ་པོ་ཡིན་པའི་ཤེལ་སྒོ་དང་། ཁ་པར། ལྕགས། དེ་བཞིན་འགྱིག་གི་དངུལ་སྒོར་བཅས་ཀྱི་ཐོག་ལ་ཉིན་༢༨་རིང་འཚོ་གནས་ཐུབ་ཀྱི་ཡོད་པར་ཤེས་རྟོགས་བྱུང་འདུག

དེ་བཞིན། ཚ་ཚད་༣༠་ནང་དུ་ཏོག་དབྱིབས་གཉན་སྲིན་༡༩་པ་ཉིན་༢༡་འཚོ་གནས་ཐུབ་ཀྱི་ཡོད་པ་དང་། ཚ་ཚད་༤༠་ནང་དུ་ཉིན་༢༠་འཚོ་གནས་ཐུབ་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག ཚ་ཚད་ག་ཚོད་མཐོ་བ་ཡོད་ན་ཏོག་དབྱིབས་གཉན་སྲིན་འཚོ་གནས་ཐུབ་པའི་ནུས་པ་ཉུང་བ་ཡོད་འདུག

གཞན་ཡང་། ཉམས་ཞིབ་སྙན་ཐོ་དེའི་ནང་དུ། ཅ་དངོས་སག་སག་དང་སྤྲིན་བལ་གྱི་སོགས་ཀྱི་ཐོག ཏོག་དབྱིབས་གཉན་སྲིན་༡༩་པ་དུས་ཚོད་ཉུང་བར་འཚོ་གནས་ཐུབ་ཀྱི་ཡོད་འདུག ཚ་ཚད་དམའ་བོ་ཡོད་པའི་ས་ཆར་ཉིན་༡༤་དང་། ཚ་ཚད་མཐོ་བོ་ཡོད་པའི་ས་ཆར་ཆུ་ཚོད་༡༦་གནས་ཐུབ་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག

ཉམས་ཞིབ་སྙན་ཐོ་འདི་ཡིས་དེའི་སྔོན་ཉམས་ཞིབ་པ་གཞན་ཚོས་བཏོན་པའི་སྙན་ཐོ་ལས་ཏོག་དབྱིབས་གཉན་སྲིན་༡༩་འཚོ་གནས་རྒྱུན་རིང་པར་ཐུབ་ཀྱི་ཡོད་པར་ཤེས་རྟོགས་བྱུང་ཡོད་འདུག

ཨོ་གླིང་རྒྱལ་ཡོངས་ཚན་རིག་ཚོགས་པའི་འགན་འཛིན་ཊ་རེ་ཝོར-ཌེར(Trevor Drew)ཡིས་བརྗོད་དོན། གལ་སྲིད་མི་ཞིག་གིས་ཕྱི་ལོག་ཅ་དངོས་དེ་ཚོ་ལག་པ་ཐུག་རྗེས། གཟབ་གཟབ་མ་བྱས་ནས་ལག་པ་ལྡག་པ་དང་། མིག་དང་སྣ་ལ་ཐུག་པ་བཅས་བྱས་ན་བདུན་ཕྲག་གཉིས་རྗེས་སུ་ཏོག་དབྱིབས་གཉན་སྲིན་ཕོག་སྲིད་པ་རེད། ཅེས་འགྲེལ་བརྗོད་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།