25
Thu, Apr

ཨ་རིས་རྒྱ་ནག་གི་གསང་མྱུལ་ལྒང་ཕུག་མཁའ་དབྱིངས་ནས་གཏོར་བཞིན་པའི་རྣམ་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༢ ཚེས་༡༡ ཉིན་སྤེལ། ཟླ་འདིའི་ཚེས་དགུ་ཉིན་ཨ་རིའི་གྲོས་ཚོགས་ནས། རྒྱ་ནག་གི་གསང་མྱུལ་ལྒང་ཕུག་ཨ་རིའི་མཁའ་དབྱིངས་སུ་གློ་བུར་དུ་ཧམ་འཛུལ་བྱས་པར་ཐེར་འདོན་དང་། ངོ་རྒོལ། སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

དེ་ཡང་། རྒྱ་ནག་གི་གསང་མྱུལ་ལྒང་ཕུག་ཨ་རིའི་མཁའ་དབྱིངས་སུ་ཐོན་པའི་ཛ་དྲག་གི་གནད་དོན་གྱི་སྐོར་ནས། ཨ་རི་གཙོས་པའི་རྒྱལ་སྤྱིའི་ས་གནས་གང་སར་ཚ་ཚ་འུར་འུར་གྱིས་གླེང་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་དགུ་ཉིན་ཨ་རིའི་གྲོས་ཚོགས་ནས་ཀྱང། རྒྱ་ནག་གི་གསང་མྱུལ་ལྒང་ཕུག་ཨ་རིའི་མཁའ་དབྱིངས་སུ་གློ་བུར་དུ་ཧམ་འཛུལ་བྱས་པར་ཐེར་འདོན་དང་། ངོ་རྒོལ། སྐྱོན་བརྗོད་ཤུགས་ཆེན་བྱས་འདུག་ཅིང་། སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་ཐུན་མོང་ནས། དེ་ནི“ཨ་རིའི་བདག་དབང་ལ་འཛེམ་མེད་ཀྱི་རྡོག་རོལ”ཞིག་ཡིན་པའི་ངོས་འཛིན་གྱི་འོས་ཤོག་འཕངས་འདུག

སྤྱི་མཐུན་ཚོགས་པའི་འཐུས་མི་མ་ཁེལ་མ་ཁོལ(Michael McCaul)གྱིས། རྒྱ་ནག་དམར་ཕྱོགས་གཞུང་ནས་ཨ་རི་རྒྱལ་ཁབ་ཀྱི་བདག་དབང་ལ་འཛེམ་མེད་ཀྱི་རྡོག་རོལ་བྱས་པ་འདིས་ཨ་རིའི་མི་མང་ལ་ཕོག་ཐུག་ཆེན་པོ་བཟོས་སོང་། ཞེས་བརྗོད་འདུག་ལ། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ལྒང་ཕུང་དེ་ནི་ཁ་ཕྱོགས་ནོར་བའི་གནམ་གཤིས་ལྒང་ཕུག་ཅིག་ཡིན་པ་དང་། ཨ་རིས་དེ་ལ་ཐལ་དྲག་པའི་ཡ་ལན་བྱེད་བཞིན་ཡོད་ཚུལ་བརྗོད་འདུག

འོན་ཀྱང་། ཨ་རིའི་གྲོས་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ལྟར་ན། ལྒང་ཕུག་དེ་ནི་སྤྱིར་བཏང་གི་ལྒང་ཕུག་ཅིག་མ་ཡིན་པར་དེ་བཟོ་མཁན་རྒྱ་ནག་གི་དམག་མི་དང་ཐད་ཀར་འབྲེལ་བ་ཡོད་པར་མ་ཟད། མི་མང་བཅིངས་གྲོལ་དམག་གི་ཚོང་པ་ཆུང་ཆུང་ཞིག་ཡིན་པའང་ར་འཕྲོད་བྱུང་འདུག

ཨ་རི་གཞུང་ཕྱོགས་ནས་རྒྱ་ནག་གི་གསང་མྱུལ་ལྒང་ཕུག་ཨ་རིའི་མཁའ་དབྱིངས་སུ་ཧམ་འཛུལ་བྱེད་པར་སྐུལ་མ་གཏོང་མཁན་དང་། རྒྱ་ནག་གི་དམག་མི་ལ་འབྲེལ་བ་ཡོད་པའི་ཚོགས་པ་དེར་ངོ་རྒོལ་གྱི་བྱ་སྤྱོད་སྤེལ་རྒྱུ་ཡིན་སྐོར་ཡང་བརྗོད་འདུག

དོན་རྐྱེན་འདི་ལ་བརྟེན་ནས། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁིན(Antony Blinken)ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སུ་གཏོང་བའི་ཕྱིར་དུ་རྒྱ་ནག་ཏུ་བསྐྱོད་པའི་འཆར་གཞི་དེའང་ཕྱིར་འཐེན་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།