01
Wed, Feb

ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་༢༥ ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་དབུ་འཛུགས་གནང་སོང་། པར། དབྱངས་ཅན་སྒྲོལ་མ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་༢༥ ནས་༢༦ ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡ་དད་ལྡན་མི་མང་གཙོས་པའི་ཆོས་ཞུ་བ་རྣམས་ལ་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་དབུ་འཛུགས་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༨་པའི་ཐོག བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་བླ་ན་མེད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡ་དད་ལྡན་མི་མང་གཙོས་པའི་ཆོས་ཞུ་བ་གཙོས་པའི་བོད་མི་དང་ཕྱི་རྒྱལ་བ་སྟོང་ཕྲག་ཁ་ཤས་ལ་སློབ་དཔོན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་ཉིན་དང་པོ་དབུ་འཛུགས་གནང་སོང་།

ཐོག་མར་༧གོང་ས་མཆོག་གིས་གསུང་དོན། དེ་རིང་ཀོ་རི་ཡ་ཆོས་གྲོགས་ཚོར་ཆོས་འབྲེལ་བྱེད་རྒྱུ་དང་། ཀོ་རི་ཡ་ཕ་མེས་ནས་ནང་ཆོས་ལ་དོ་སྣང་ཆེན་པོ་ཡོད་ལ། ངོས་ཀྱང་ཐེངས་གཅིག་ཀོ་རི་ཡར་ཕྱིན་པ་རེད། དེ་གའི་མི་མང་ཚོ་ཡང་སངས་རྒྱས་ཀྱི་ཆོས་ལ་དད་པ་རྩེ་གཅིག་ཏུ་འདུག་ལ། ནང་ཆོས་ལ་དོ་སྣང་བྱེད་པ་ཞེ་དྲག་ཡག་པོ་རེད། སྤྱིར་ཆོས་དད་རང་མོས་རེད་ལ་སྒེར་གྱི་རང་དབང་རེད། གཙོ་བོ་རང་ཉིད་གང་ལ་མོས་པ་ཡོད་པ་དེ་བྱེད་རྒྱུ་རེད། ཆོས་ལུགས་འདྲ་མིན་དང་ལྟ་གྲུབ་འདྲ་མིན་ཡོད་ཀྱང་། སེམས་བཟང་པོ་དང་མིར་ཕན་ཐོགས་བྱེད་དགོས་པ་གཅིག་མཚུངས་རེད།

ངོས་རང་ནང་པའི་དགེ་སློང་ཞིག་རེད། ངོས་ཀྱིས་ཆོས་ལུགས་ཚང་མར་བརྩི་གུས་བྱེད་ཀྱི་ཡོད། ངོས་ཀྱིས་ཆོས་ལུགས་འདྲ་མིན་དང་ཆོས་པ་འདྲ་མིན་ངོ་ཤེས་ཀྱི་ཡོད། མང་ཆེ་བ་སེམས་པ་བཟང་པོ་དང་སྤྱི་ལ་ཕན་ཐོགས་བྱེད་རྒྱུའི་བསམ་བློ་ལྡན་མཁན་དེ་འདྲ་རེད་འདུག དེང་སང་ཆབ་སྲིད་མ་ཟད་ཆོས་ལུགས་དབར་ལའང་འཐེན་འཁྱེར་ཡོང་གི་འདུག གནས་ཚུལ་འདི་འདྲ་ཡོང་དུས་བློ་ཕམ་པོ་ཞེ་དྲག་རེད། ཆོས་ལུགས་ཕན་ཚུན་མཐུན་པོ་བྱེད་དགོས་པ་འདི་ཧ་ཅང་གལ་ཆེན་པོ་རེད།

གཞན་ཡང་། ༧གོང་ས་མཆོག་གིས་རང་ཉིད་ནས་བྱབ་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་ནི་ཉམས་ལེན་གྱི་གཙོ་བོ་ཡིན་པ་དང་། ཁྱོད་ཚོས་ཀྱང་བྱབ་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱེད་རྒྱུ་གལ་ཆེ་ཞིང་། བྱང་ཆུབ་ཀྱི་སེམས་ཀྱིས་རང་གཞན་གཉིས་ཀར་ཕན་པ་དང་། དེ་ཉམས་ལེན་བྱེད་ཐུབ་ན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་གི་ཡོད་སྐོར་སོགས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།