20
Sat, Apr

རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་ནང་དུ་བོད་ནི་རང་དབང་ཆེས་མེད་ཤོས་ཀྱི་གྲས་བཏོན་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༣ཉིན། ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པ་ཡིས་རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་ཙམ་གྱི་ནང་དུ་འཛམ་གླིང་ནང་གི་རང་དབང་ཅེས་པའི་ལོ་འཁོར་སྙན་ཐོ་ཞིག་བཏོན་འདུག དེའི་ནང་དུ་བོད་དང་སི་རེ་ཡ་ནི་རང་དབང་ཆེས་མེད་ཤོས་ཀྱི་རྒྱལ་ཁབ་ཡིན་པ་བཏོན་འདུག

དེ་ཡང་། རྒྱལ་སྤྱི་རང་དབང་ཁང་པ་ཡིས་ལོ་རྟག་འཛམ་གླིང་ནང་གི་ཆབ་སྲིད་ཐོབ་ཐང་དང་སྤྱི་མང་རང་དབང་ལོངས་སྤྱོད་སྐོར་གྱི་སྙན་ཐོ་ཞིག་འདོན་བཞིན་ཡོད་ཅིང་། སྤྱི་ལོ་༢༠༢༡་ལོའི་ལོ་འཁོར་སྙན་ཐོའི་ནང་དུ། བོད་དང་སི་རི་ཡ(Syria)་ནི་རང་དབང་ཆེས་མེད་ཤོས་ཀྱི་རྒྱལ་ཁབ་དང་། ཨེ་རི་ཊེར་(Eritrea)དང་། ལྷོ་སོ་ཌན(South Sudan)། ཊུར་ཁི་མེན་སི་ཊན(Turkmenistan)་བཅས་ནི་རང་དབང་ཆེས་མེད་པའི་ཨང་གཉིས་པ་གྲས་བཏོན་འདུག རང་དབང་ཆེས་མེད་པའི་ཨང་གསུམ་པ་ནི་བྱང་ཀོ་རི་ཡ་ཡིན་འདུག རྒྱ་ནག་ནི་རང་དབང་ཆེས་མེད་པའི་རྒྱལ་ཁབ་ཨང་དགུ་པ་དང་། རྒྱ་གར་ནི་རང་དབང་ཕྱེད་ཀ་ཡོད་པའི་རྒྱལ་ཁབ་ཨང་༨༨་དེ་ཡིན་འདུག

གཞན་ཡང་། འཛམ་གླིང་ནང་དུ་རང་དབང་ཆེས་ལྡན་ཤོས་ནི་ནོར་ཝེར་(Norway)དང་། ཧྥིན་ལེན(Finland)། སི་ཝེ་ཌན(Sweden)་བཅས་ཡིན་པར་རང་དབང་གི་སྙན་ཐོ་ནང་དུ་བཏོན་འདུག

བོད་དང་སི་རི་ཡ་གཉིས་ནི་རང་དབང་ཆེས་མེད་ཤོས་ཀྱི་རྒྱལ་ཁབ་ཡིན་པར་བཏོན་འདུག་ཀྱང་སྙན་ཐོ་ད་དུང་བཏོན་མི་འདུག སྙན་ཐོ་རྒྱས་པ་རྗེས་སུ་འདོན་རྒྱུ་ཡིན་པར་བཀོད་འདུག

རང་དབང་ཁང་པས་རྒྱ་ནག་ནི་རང་དབང་ཆེས་མེད་ཤོས་ཀྱི་རྒྱལ་ཁབ་ནང་ནས་ཨང་དགུ་པ་དེ་བཏོན་འདུག སྙན་ཐོ་དེའི་ནང་དུ། རྒྱ་དམར་སྲིད་འཛིན་ཞི་ཅིང་ཕིང་གིས་དབང་ཆ་སྒེར་བདག་བྱས་པ་དེ་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་ནང་དུ་བྱུང་མྱོང་མེད་ཀྱང་། རྒྱ་ནག་དམར་ཤོག་ནང་དང་ཕྱིར་ཁོ་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་པ་ཡོད་སྐོར་བཀོད་འདུག དེ་བཞིན། རྒྱ་གཞུང་ནི་ལོ་རེ་ནས་སྡུག་རྩུབ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱ་དམར་གཞུང་གིས་ཆོས་ལུགས་དང་། བརྒྱུད་ལམ། སྨྲ་བརྗོད་རང་དབང་། སློབ་ཆེན། ཚོང་སྡེ། ཚོགས་སྡེ་ཁག་བཅས་ལ་དབང་སྒྱུར་བྱེད་བཞིན་ཡོད་སྐོར་སོགས་བཏོན་འདུག།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།