19
Fri, Apr

ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སྐད་གྲགས་ཅན་ཇོ་ཤྭ་ཝོན་(Joshua Wong)དང་། ཨི་གྷི་ནེ་སུ-ཆོབུ(Agnes Chow)། ཨི་ཝན་ལེམ་(Ivan Lam)། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེ་༢ཉིན། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སྐད་གྲགས་ཅན་ཇོར་ཤྭ་ཝོན་(Joshua Wong)དང་། ཨི་གྷི་ནེ་སུ-ཆོབུ(Agnes Chow)། ཨི་ཝན་ལེམ་(Ivan Lam)བཅས་ཧོང་ཀོང་གི་ཁྲིམས་ཁང་ཞིག་ནས་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་། ཇོར་ཤྭ་ཝོན་ལ་ལོ་གཅིག་དང་ཉིན་ཞེ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཅིང་། ཨི་གྷི་ནེ་སུ-ཆོབུ་ལ་ཟླ་བ་༡༠་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། ཨི་ཝན་ལེམ་ལ་ཟླ་བ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཁོ་ཚོར་བཙོན་འཇུག་ཁྲིམས་ཐག་གཅོད་དགོས་དོན་ནི། ༢༠༡༩་ལོའི་ཟླ་༦་ཚེས་༢༡་ཉིན། ཁོ་ཚོས་ཁྲིམས་འགལ་གྱི་ཝན་ཆན་ཉེན་རྟོག་པའི་སྤྱི་ཁྱབ་ལས་ཁུངས་མདུན་དུ་ལས་འགུལ་སྤེལ་བ་དང་མི་གཞན་ལས་འགུལ་ནང་དུ་ཞུགས་དགོས་པའི་སྐུལ་མ་བཏང་བ། ལས་འགུལ་དེའི་རྐྱེན་གྱི་ལས་དོན་དང་འགྲིམ་འགྲུལ་ལ་བར་ཆད་ཚབས་ཆེན་བྱས་ཡོད་པར་འགྲེལ་བརྗོད་བྱས་འདུག

འོན་ཀྱང་། དེ་ནི་ཁ་གཡར་ས་ཞིག་ཡིན་པར་བརྗོད་ཀྱི་འདུག ཁོ་ཚོ་ནི་ཧོང་ཀོང་གི་མང་གཙོ་དང་རང་དབང་དོན་དུ་ལས་འགུལ་སྤེལ་མཁན་ཞིག་ཡིན་ཞིང་། ཁོ་ཚོས་གཞོན་སྐྱེས་གཙོས་པའི་མི་མང་གི་སྣེ་འཁྲིད་ནས་མང་གཙོའི་ལས་འགུལ་རྒྱ་ཆེན་པོ་སྤེལ་ཡོད།

༢༠༡༩་ལོའི་ཟླ་༦་ཚེས་༢༡་ཉིན་གྱི་ལས་འགུལ་ནི། ལོ་དེའི་ཟླ་༦་ཚེས་༡༢་ཉིན། ཧོང་ཀོང་ནང་གི་ཉེན་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར(extradition bill)ལ་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་སྐབས། ཉེན་རྟོག་པས་ལས་འགུལ་པ་ཚོའི་ཐོག་དྲག་ཤུགས་བེད་སྤྱོད་བཏང་ནས་རྒོལ་ལེན་བྱས་ཡོད་པར་ངོ་རྒོལ་བྱས་པ་ཞིག་ཡིན་འདུག

ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཇོ་ཤྭ་ཝོན་(Joshua Wong)དང་། ཨི་གྷི་ནེ་སུ-ཆོབུ(Agnes Chow)། ཨི་ཝན་ལེམ་(Ivan Lam)བཅས་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་རྗེས། ཨ་རི་(USA)དང་། ཇར་མན(Germany)་དང་། དབྱིན་ཡུལ(Britain)། ཐེ་ཝན(Taiwan)། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ(Amnesty International)་བཅས་ཀྱིས་ཁྲིམས་ཐག་དེ་ནི་དྲང་བདེན་ཞིག་མིན་པ་དང་། སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལ་རྡོག་རོལ་གཏོང་བ་ཞིག་རེད། ཅེས་འགྲེལ་བརྗོད་སོགས་བྱས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།