19
Fri, Apr

ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་ཨབ་ཅང་ཨན་ལགས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༡༠ཉིན། ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨབ་ཅང་ཨན་ལགས་ཀྱིས་༸གོང་ས་མཆོག་ཐེ་ཝན་ཕེབས་རྒྱུར་ང་ཚོས་དགའ་བསུ་ཞུ་ཡི་ཡོད། ཁོང་ནི་ཆོས་ཕྱོགས་དབུ་ཁྲིད་གལ་ཆེན་ཞིག་དང་། ཞི་བདེའི་དད་དཔོན་རེད། ཐེ་ཝན་གཞུང་དང་མི་མང་གིས་ཁོང་ལ་བརྩི་གུས་དང་དད་མོས་ཆེན་པོ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

དེ་ཡང་། གོང་ཚེས་ཉིན། ཐེ་ཝན་ཕྱི་སྲིད་ལས་ཁུངས་ནས་གསར་འགོད་ལྷན་ཚོགས་འཚོགས་སྐབས། གསར་འགོད་པ་ཞིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ལ་ཕེབས་མིན་སྐོར་དྲི་བ་གཏོང་སྐབས། མགྲིན་ཚབ་ཨབ་ཅང་ཨན་ལགས་ཀྱིས་ད་ལྟར་ཏོག་དབྱིབས་ནད་དུག་རྐྱེན་གྱིས་འགྲུལ་བཞུད་ལ་བདེ་འཇགས་མེད། དེའི་ཐོག ང་ཚོར་ད་དུང་རེ་ཞུ་འབྱོར་མ་སོང་། མ་ལོངས་པར་ང་ཚོར་རེ་ཞུ་འབྱོར་ཚེ་གནས་སྟངས་སོགས་ལ་བརྟག་དཔྱད་ལེགས་པོ་བྱས་རྗེས། ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ལ་ཡང་བསྐྱར་ཆོས་གསུང་ཆེད་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

༸གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་དང་། ཞི་བདེའི་དད་དཔོན་རེད། ཐེ་ཝན་གཞུང་དང་མི་མང་གིས་ཁོང་ལ་བརྩི་གུས་དང་དད་མོས་ཆེན་པོ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

 སྤྱིར་ཉེ་སྔོན། ༸གོང་ས་མཆོག་གིས་ལོ་རྗེས་མར་ཡང་ན་དུས་ཚོད་ཡག་པོ་བྱུང་ན་སིང་གྷ་པུར་ཕེབས་རྒྱུ་ཡིན་པ་དང་། དེ་ནས་ཐེ་ཝན་ལ་ཕེབས་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

གསར་འགྱུར་བརྒྱུད་ལམ་གཞན་ཁག་ན། ༸གོང་ས་མཆོག་ཐེ་ཝན་ལ་གདན་འདྲེན་ཞུ་མཁན་མང་པོ་ཡོད་པ་དང་། གཙོ་བོ་ཐེ་ཝན་གཞུང་ལ་རེག་ལས་ཡོད་རེད། ཅེས་གསལ་འདུག

སྤྱིར་༸གོང་ས་མཆོག་ཐོག་མར་ཐེ་ཝན་ལ་༡༩༩༧་ལོར་ཕེབས་ཡོད་པ་དང་། དེ་ནས་༢༠༠༡་ལོ། ༢༠༠༩ལོ་བཅས་ལ་ཕེབས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།