18
Thu, Apr

ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི-པོམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༢༤་ཉིན་སྤེལ། ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི-པོམ་གྱིས་མང་གཙོ་རྒྱལ་ཁབ་རྣམས་མཉམ་འབྲེལ་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པ་འགྱུར་བ་གཏོང་དགོས། དེ་མ་གཏོགས་རྒྱ་དམར་གྱིས་ང་ཚོ་འགྱུར་བ་གཏོང་རྒྱུར་ངེས་གཏན་རེད། དེར་བརྟེན། རྒྱ་དམར་འགྱུར་བ་གཏོང་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན། ཞེས་བརྗོད་འདུག

དེ་ཡང་། ཟླ་འདིའི་ཚེས་༢༣་ཉིན། ཨ་རི་ཕྱི་སྲིད་དྲུང་ཆེ་མར་ཁི-པོམ་གྱིས་མང་གཙོ་རྒྱལ་ཁབ་ཁག་གིས་ངེས་པར་དུ་མཉམ་འབྲེལ་བྱས་ནས་རྒྱ་དམར་གུང་ཁྲན་ཏང་ལ་གནོན་ཤུགས་སྤྲོད་དགོས་པ་དང་ཁོ་ཚོ་འགྱུར་བ་གཏོང་དགོས། གང་ཡིན་ཟེར་ན། རྒྱ་གཞུང་གིས་དྲང་བདེན་མིན་པའི་ཚོང་འབྲེལ་བྱས་ནས་ང་ཚོར་གྱོང་མང་པོ་རེག་ཡོད།

དེ་བཞིན། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད། ད་ནི་རང་དབང་ལ་དགའ་བའི་རྒྱལ་ཁབ་ཚོས་མཉམ་འབྲེལ་ཚོགས་པ་ཞིག་བཙུགས་ནས་རྒྱ་དམར་ལ་རྒོལ་ལེན་བྱེད་པའི་དུས་ལ་སླེབས་འདུག གལ་སྲིད། མང་གཙོ་རྒྱལ་ཁབ་ཚོས་རྒྱ་དམར་གུང་ཁྲན་ཏང་འགྱུར་བ་མི་བཏང་ན། རྒྱ་དམར་གཞུང་གིས་ང་ཚོ་འགྱུར་བ་གཏོང་རྒྱུར་ངེས་གཏན་རེད། ཨ་རི་ནི་དེའི་འགོ་ཁྲིད་རྒྱུའི་གྲ་སྒྲིག་ཡིན། ཞེས་བརྗོད་འདུག

ཕྱི་སྲིད་དྲུང་ཆེ་མར་ཁི-པོམ་བརྗོད་དོན། ཨ་རིའི་སྲིད་འཛིན་ཟུར་པ་ནི་སོན(Nixon)་གྱིས་ཐོག་མར་རྒྱ་དམར་དང་འབྲེལ་བ་འཛུགས་སྐབས། སྲིད་འཛིན་རང་ཉིད་ཀྱིས་རྒྱ་ནག་དམར་ཤོག་འཛམ་གླིང་ལ་སྒོ་དབྱེད་བྱས་པར་སེམས་ཁྲལ་བྱས་ཡོད། ད་ལྟར་སེམས་ཁྲལ་དེ་ནི་དངོས་ཡོད་གྱུར་ཡོད། ཅེས་བརྗོད་འདུག རྒྱ་དམར་སྲིད་གཞུང་འཛམ་གླིང་ལ་སྒོ་དབྱེད་པ་ནི་རང་ཉིད་ཀྱིས་གནོད་སྐྱེལ་མཁན་ཞིག་བཟོས་སོང་བསམ་པའི་ཞེ་སྣང་བྱུང་སོང་། ཅེས་སྲིད་འཛིན་ཟུར་པ་ཁོང་གིས་ཐེངས་གཅིག་ལ་གསུངས་ཡོད་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ནི་སོན(Nixon)་ནི་རྒྱ་ནག་དང་ཕྱི་འབྲེལ་བཙུགས་མཁན་སྲིད་འཛིན་ཐོག་མ་དེ་ཡིན་འདུག ༡༩༧༢་ལོར་རྒྱ་ནག་པེ་ཅིང་ལ་ཕེབས་ཡོད་འདུག

རྒྱ་ནག་གི་དམག་ནི་ཤུགས་ཆེན་དང་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། ཨ་རི་ཡིས་རྒྱ་གཞུང་ལ་ཐེ་ཚོམ་སྐྱེས་དགོས་པ་དང་དཔྱད་ཞིབ་བྱེད་དགོས། ང་ཚོས་རང་དབང་ལ་དགའ་བའི་རྒྱལ་ཁབ་ཚོས་ངེས་པར་དུ་མཉམ་འབྲེལ་བྱས་ནས་རྒྱ་གཞུང་འགྱུར་བ་གཏོང་དགོས། གང་ཡིན་ཟེར་ན། རྒྱ་གཞུང་གི་བྱེད་སྟངས་དེ་དག་གིས་ང་ཚོའི་མི་མང་དང་ང་ཚོའི་རྒྱུ་ནོར་ལ་གནོད་སྐྱེལ་གྱི་ཡོད། ཅེས་འགྲེལ་བརྗོད་བྱས་འདུག

དེ་བཞིན། ཕྱི་སྲིད་དྲུང་ཆེ་མར་ཁི-པོམ་ཉེ་སྔོན་དབྱིན་ཡུལ་ལ་ཕྱི་འབྲེལ་མཚམས་གཟིགས་ཕེབས་སྐབས། ད་ནི་ང་ཚོ་མང་གཙོ་རྒྱལ་ཁབ་ཚོས་ཚོགས་པ་གསར་བ་ཞིག་འཛུགས་པའི་དུས་ལ་སླེབས་འདུག གལ་སྲིད་རང་དབང་ཅན་གྱི་རྒྱལ་ཁབ་ཚོས་འགྱུར་བ་མ་གཏོང་ན། རྒྱ་ནག་དམར་ཤོག་ཚོས་ང་ཚོ་འགྱུར་བ་གཏོང་རྒྱུར་ངེས་གཏན་རེད། རྒྱ་དམར་གཞུང་ནས་ང་ཚོའི་རང་དབང་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ད་ལྟའི་དམིགས་ཡུལ་རེད། ཅེས་བརྗོད་འདུག

 

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།