24
Wed, Apr

ཨོ་གླིང་གི་སྲིད་བློན་སི་ཁོ་ཊི-མོ་རི་སོན(Scott Morrison)། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༥་ཚེས་༡༨་ཉིན། རྒྱ་ནག་ཏུ་བྱུང་བའི་ཏོག་དབྱིབས་གཉན་སྲིན་༡༩་པས་འཛམ་གླིང་གི་མི་དང་དཔལ་འབྱོར་སོགས་ལ་གྱོང་གུད་ཆེན་པོ་སྤྲད་རྐྱེན། ཨོ་གླིང་གཙོས་རྒྱལ་ཁབ་༡༡༦་གིས་ཏོག་ནད་འབྱུང་ཁུངས་ལ་རྟོག་ཞིབ་བྱེད་ཆེད་རང་དབང་ལྡན་པའི་ཞིབ་འཇུག་བྱེད་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་། ཨོ་གླིང(Australia)སྲིད་གཞུང་གིས་འགོ་འཛུགས་གནང་བའི་ཏོག་ནད་འབྱུང་ཁུངས་རྟོག་ཞིབ་ལས་འཆར་དེར། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༢༧་དང་། ཨ་ཧྥི་རི་ཁའི་ཤོག་ཁག་རྒྱལ་ཁབ་༥༤། གཞན་རྒྱལ་ཁབ་བྷི་རཱ་ཛིལ(Brazil)། ལྷོ་ཀོ་རི་ཡ(South Korea)། མེ་སི་ཀོ(Mexico)། ཊུར་ཀེ(Turkey)། ཉི་ཛེ་ལེན(New Zealand)། རཱ་ཤི་ཡ(Russia)། རྒྱ་གར(India)། ཉི་ཧོང(Japan)། དབྱིན་ཡུལ(Britain)། ཁ་ཎ་ཌ(Canada) སོགས་ཀྱིས་རྒྱབ་སྐྱོར་བྱས་འདུག

ཏོག་ནད་འབྱུང་ཁུངས་རྟོག་ཞིབ་ལས་འཆར་དེའི་ནང་དུ། འཛམ་གླིང་རྒྱལ་ཁབ་ཁག་གིས་ཟུང་སྦྲེལ་ཐོག་ནས་ཏོག་ནད་འབྱུང་ཁུངས་རྩད་གཅོད་བྱེད་རྒྱུ། དེས་ནད་ཡམ་དེར་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཐད་རྟོགས་ཀྱི་རེད། ཅེས་འཁོད་འདུག

སང་ཉིན་ཡང་ན་ཟླ་འདིའི་ཚེས་༡༩་ཉིན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་དྲ་ཐོག་འཚོགས་རྒྱུ་ཡིན་པའི་ཐོག ཨོ་གླིང་གི་འཕྲོད་བསྟེན་བློན་ཆེན་གྷ་རེག-ཧུན(Greg Hunt)གྱིས་ཏོག་ནད་འབྱུང་ཁུངས་རྟོག་ཞིབ་ལས་འཆར་སྐོར་གླེང་རྒྱུ་ཡིན་འདུག

ཨོ་གླིང་གི་ཕྱི་སྲིད་བློན་ཆེན་མཱ་རི་སེ-ཕེན(Marise Payne) ་གྱིས་ཏོག་ནད་ཀྱིས་བཟོས་པའི་དཀའ་དལ་དེ་འདྲ་རིགས་མ་འོངས་འགོག་ཐབས་ཆེད་འཛམ་གླིང་ལ་དེའི་ཐོག་འབྱུང་ཁུངས་དང་རྒྱུ་རྐྱེན་རྟོགས་དགོས་ཀྱི་ཡོད། ལས་འཆར་འདི་ནི་མ་འོངས་པར་ང་ཚོའི་མི་སེར་རྣམས་བདེ་འཇགས་ངང་གནས་པ་དང་ནད་ཡམས་དེ་འདྲ་རིགས་ལ་འགོག་ཐབས་ཆེད་དུ་ཡིན། ཞེས་བརྗོད་འདུག

ཨོ་གླིང་གིས་ཏོག་ནད་འབྱུང་ཁུངས་རྩད་གཅོད་ལས་འཆར་དེ་སྤེལ་བར་བརྟེན་རྒྱ་གཞུང་ཁོང་ཁྲོ་ཧ་ཅང་ལངས་བཅུག་ཡོད་པ་དང་། རྒྱ་གཞུང་གིས་ཨོ་གླིང་ལ་དེའི་ཐོག་ལེན་སློག་ཆེད། ཨོ་གླིང་གི་གླང་ཤ་རྒྱ་ནག་ཏུ་འོས་འདྲེན་བྱེད་པར་བཀག་སྡོམ་བྱས་པ་མ་ཟད། འབྲུ་ཡང་ནང་འདྲེན་བྱེད་པར་ཚོང་ཁྲལ་སྤེལ་བའི་བརྒྱུད་ལམ་ན་གསལ་འདུག 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།