20
Sat, Apr

༢༠༡༩ལོའི་ཟླ་༤་ཚེས་༧ཉིན། ཐེ་ཝན་ནང་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་ཀྱི་སྲིད་ཇུ་ལ་མི་མང་གིས་ངོ་རྒོལ་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༡༢ཉིན་སྤེལ། ཉེ་ཆར་ཐེ་ཝན་ནང་སྨྲ་བརྗོད་རང་དབང་ཉིན་མོར་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུ་ལ་ངོས་ལེན་མེད་པའི་ངོ་རྒོལ་དང་ཐེ་ཝན་རྒྱལ་ཁབ་གསར་པ་ཞིག་འཛུགས་བསྐྲུན་བྱེད་དགོས་ཞེས་འབོད་སྒྲ་སྒྲགས་ནས་ཐེ་ཝན་མི་མང་གིས་ངོ་རྒོལ་བྱས་འདུག

དེ་ཡང་། ཐེ་ཝན་གྲོང་ཁྱེར་ཀབ་ཤོང་ནང་དུ་ཟླ་འདིའི་ཚེས་༧་ཉིན། ཐེ་ཝན་མི་མང་མང་པོ་ཞིག་མཉམ་འཛོམས་ཀྱིས་ཕྱགས་མ་འཁྱེར་ནས་རྒྱ་ནག་གཞུང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པར་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག དེ་ནི་མི་མང་ཚོས་དམག་འཐབ་ལ་གྲ་སྒྲིག་བྱེད་པའི་གནས་སྟངས་ལ་སླེབས་འདུག་ཅེས་ཐེ་ཝན་སྤུན་ཟླ་ཚོར་ཉེན་བརྡ་གཏོང་བའི་ལས་འགུལ་ཞིག་ཡིན་འདུག

ལས་འགུལ་བ་ཞིག་གིས་འབོད་སྒྲ་སྒྲགས་དོན། ཐེ་ཝན་མི་མང་ངེས་པ་དུ་ཡར་ལོངས་ཤོགས། ཐེ་ཝན་གྱི་ཆབ་སྲིད་ཚོགས་པ་དང་རྒྱལ་སྤྱིའི་ཚོགས་པ་ཁག་ལ་ཐེ་ཝན་གྱིས་རྒྱ་གཞུང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུ་ལ་ཁས་ལེན་བྱེད་རྒྱུ་མིན་ཞེས་བརྗོད་འདུག

ཡང་ལས་འགུལ་བ་གཞན་ཞིག་གིས་རྒྱ་ནག་ལ་བརྗོད་རྒྱུར་ང་ཚོ་དང་ཁྱོད་ཚོ་གཅིག་གྱུར་གྱི་མ་འོངས་པ་མེད་ཅེས་འབོད་སྒྲ་སྒྲགས་སོང་།

ང་ཚོ་རང་ཉིད་ཀྱི་བྱིས་པ་ཚོའི་ཆེད་དུ་ལངས་ཀྱི་ཡོད། ང་ཚོས་བྱིས་པ་ཚོར་བདེ་སྐྱིད་ལྡན་པའི་མ་འོངས་བ་ཞིག་ཡོད་ན་བསམ། ང་ཚོའི་བྱིས་པ་ཚོར་དཔལ་འབྱོར་དབང་འཛིན་པའི་སྟངས་འཛིན་པའི་འོག་ཏུ་ཡོད་པའི་མ་འོངས་པ་ཞིག་ཡོད་ན་མི་འདོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུ་ལ་ངོ་རྒོལ་ཡོད་ཅེས་ལས་འགུལ་བ་གཞན་ཞིག་གི་བརྗོད་སོང་།

ང་ཐེ་ཝན་མི་ཞིག་ཡིན། ང་ཚོའི་མང་གཙོ་ཧ་ཅང་ཉེན་ཁ་ཅན་ཞིག་ཆགས་ཡོད། ང་ཚོ་ཚང་མས་མཉམ་དུ་ང་ཚོའི་མང་གཙོ་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ཡང་ལས་འགུལ་བ་གཞན་ཞིག་གི་བརྗོད་སོང་།

ད་དུང་ལས་འགུལ་བ་གཞན་ཞིག་གིས་ཐེ་ཝན་རང་བཙན་གྱི་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས། ཐེ་ཝན་མང་གཙོ་ལ་གཅེས་སྤྲོས་བྱེད་དགོས། མཛེས་སྡུག་ལྡན་པའི་ཐེ་ཝན་རྒྱལ་ཁབ་མུ་མཐུད་ནས་གནས་དགོས་བཅས་ཀྱི་འབོད་སྒྲ་སྒྲགས་འདུག ཡང་ལས་འགུལ་བ་གཞན་ཞིག་གིས་ཐེ་ཝན་མི་མང་གིས་རང་དབང་དང་འདྲ་མཉམ། མཐུན་སྒྲིལ་སོགས་ཀྱི་སྤྱི་ཚོགས་འཛུགས་བསྐྲུན་བྱེད་རྒྱུ་ཡིན་པར་བསྒྲགས་འདུག

༢༠༢༠་ལོར་སྲིད་འཛིན་འོས་འདེམས་བྱེད་པའི་དུས་ཡིན་པས་ཐེ་ཝན་གྱི་རང་དབང་དང་མཐུན་སྒྲིལ འདྲ་མཉམ་བཅས་ཀྱི་ལས་དོན་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ཆབ་སྲིད་གནས་སྟངས་ཀྱང་ཛ་དྲག་ཆགས་སྲིད་ངེས་རེད།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།