19
Fri, Apr

༢༠༡༨ལོའི་ཟླ་༡༢ཚེས་༢༡ཉིན་ཨ་རིས་རྒྱ་མི་དྲ་འབུ་གཉིས་ལ་གནས་ཚུལ་རྐུན་མ་རྒྱབ་པར་སྐྱོན་འཛུགས་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢ཚེས་༢༡ཉིན།རྒྱལ་སྤྱིའི་རྒྱུད་ལམ་ཁག་དུ་གནས་ཚུལ་སྤེལ་བ་ལྟར་ན།ཨ་རིའི་དམག་དོན་དང་ཚོང་འབྲེལ་ལ་འབྲེལ་བ་ཡོད་པའི་གནས་ཚུལ་དག་དྲ་འབུས་རྐུན་མ་བརྒྱབ་ཡོད་པ་དང་། དེ་ནི་རྒྱ་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པར་ཨ་རི་གཞུང་གིས་སྐྱོན་བརྗོད་བྱས་ཡོད་འདུག

ཨ་རིའི་སྤྱི་འཐུས་རོ་སན་སི་ཐེན་ལགས་ཀྱིས་འགྲེལ་བརྗོད་གནང་བར་ལྟར་ན།དྲ་འབུ་དེ་ཚོས་ད་བར་ཁེ་ལས་མཉམ་འདུས(company)་༤༥་ལྷག་གི་ཚོང་འབྲེལ་དང་འབྲེལ་བའི་གནས་ཚུལ་བརྐུས་ཡོད་འདུག་ལ།དེ་ནང་བཞིན་དྲ་འབུ་དེ་ཚོས་ཨ་རིའི་དམག་དོན་དང་འབྲེལ་བའི་གནས་ཚུལ་གལ་ཆེན་དག་ལའང་དམིགས་ཡོད་འདུགདཔེར་ན། དམག་མིའི་མིང་དང་།སྤྱི་ཚོགས་བདེ་འཇགས་ཨང་གྲངས།སྐྱེས་ཚེས།གླ་ཕོགས།དོ་བདག་གི་ཁ་པར་ཨང་གྲངས།མཚོ་དམག་འབུམ་༡༠ལྷག་གི་འཕྲིན་བྱང་སོགས་ཡིན་འདུག

རྒྱལ་སྤྱིའི་ཁྲིམས་ལ་སྲུང་ཞིང་འཛམ་གླིང་གི་དཔལ་འབྱོར་ལམ་ལུགས་ལ་ཚོང་འབྲེལ་བྱེད་ཆོག་པའི་ཁེ་ཕན་དང་ཐོབ་ཐང་ཡོད་པའི་ཁེ་ལས་མཉམ་འདུས་དང་རྒྱལ་ཁབ་དག་དང་་མཉམ་པ་རྒྱ་གཞུང་ལ་ཚོང་འབྲེལ་ཡི་ཁེ་ཕན་སྤྲད་པ་ནི་དྲང་བདེན་མིན་པའི་བྱེད་སྟངས་ཤིག་རེད།ཅེས་རོ་སན་སི་ཐན་གིས་བརྗོད་འདུག ཨ་རིའི་སྲིད་བློན་གཞོན་པ་མེ་ཁི་པམ་པེ་ཡིས་བརྗོད་དོན།ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ནི་དཀའ་ངལ་ཅན་ཞིག་ཆགས་ཡོད་པ་དང་།ང་ཚོས་ཐབས་ཤེས་འདྲ་མིན་བཏང་ནས་ང་ཚོའི་ཅ་ལག་རྒྱ་མིས་དང་ལེན་བྱེད་ཐབས་དང་། ཅ་དངོས་རྣམས་རྒྱ་ནག་ནང་ལ་ཚོང་འབྲེལ་བྱེད་བཅུག་རྒྱུར་ལས་ང་ཚོའི་ཅ་དངོས་རྣམས་རྐུན་རྒྱག་པར་མཚམས་འཇོག་བྱེད་དགོས་ཟེར།

ཨ་ཧྤོ་བྷེ་ཨེད་གི་འགོ་འཛིན་གཞོན་པ་པི་རིེ་སུ་ཁྲི་ཡིས།རྒྱ་ནག་གིས་ང་ཚོའི་དཔལ་འབྱོར་དང་བཟོ་ལས་དེ་བཞིན་གནས་ཚུལ་བཅས་ལ་གཏོར་བཤིག་གཏོང་གི་ཡོད་པ་དང་། ཨ་རི་ཉེན་ཁ་ནང་ལྷུང་བཅུག་ཡོད་ཅེས་བརྗོད་འདུགདྲ་འབུ་དང་སོ་ཉུལ་དེ་ཚོ་ཐད་ཀར་རྒྱ་གཞུང་དང་འབྲེལ་བ་ཡོད་པ་དང་། དཔེར་ན། མཐོ་སློབ་ནང་གི་སློབ་ཕྲུག་དང་ཚོང་པ་སོགས་ཡིན་པར་བརྗོད་འདུགདྲ་འབུ་དེ་ཚོས་༢༠༡༦ལོ་ནས་༢༠༡༨ལོ་བར་དྲ་རྐུན་བྱས་ཡོད་པར་ཉེས་འཛུགས་བྱས་འདུག

ཨ་ཧྤོ་བྷེ་ཨེད་ཀྱི་འགོ་འཛིན་ཝ་རད་གྱིས་བརྗོད་དོན། རྒྱལ་ཁབ་ཚོས་དཔལ་འབྱོར་ཐོག་ལ་འགྲན་རྩོད་གཙང་མ་བྱེད་ན་རྒྱལ་སྤྱིའི་དཔལ་འབྱོར་ལ་ཕན་ཐོགས་ཡོད་པ་ལས་རྒྱ་ནག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་དེ་ཕན་ཐོགས་གང་ཡང་མེད་ཅེས་དང་།བྱ་སྤྱོད་འདི་དག་གིས་ཨ་རིའི་ཚོང་དང་ལས་ཀ བེད་སྤྱོད་མཁན་བཅས་ལ་གནོད་གྱི་ཡོད་ཟེར།རྒྱལ་ཁབ་སུ་ཡིན་རུང་ཁྲིམས་ལུགས་ལ་ཁྱད་གསོད་བྱས་པ་ཡིན་ན།བྱ་སྤྱོད་དེ་དག་ལ་ཁྲིམས་འགལ་དང་བཟང་སྤྱོད་མེད་པ།དྲང་བདེན་མིན་པ་ཞེས་བརྗོད་བཞིན་ཡོད་འདུག

འོན་ཀྱང་།རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གཞུང་གིས་ཚོང་འབྲེལ་གསང་བའི་གནས་ཚུལ་རྐུས་བའི་བྱ་འགུལ་ནང་ལ་མཉམ་ཞུགས་དང་རྒྱབ་སྐྱོར་བྱས་མེད་ཟེར་ནས་ཁས་ལེན་བྱས་མི་འདུག་ལ།ཨ་རི་ཡིས་རྒྱ་ནག་ལ་ནག་ཉེས་སྐྱོན་འཛུགས་བྱས་པ་ནི་ཁུངས་ལུང་མེད་པའི་སྐྱོན་འཛུགས་ཞིག་ཡིན་པ་བརྗོད་འདུག

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།