20
Sat, Apr

༢༠༡༨ལོའི་ཟླ༡༡ཚེས་༢༠ཉིན་དོན་གྲུབ་དབང་ཆེན་ལགས་ལ་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་དེ་དངོས་སུ་གནང་ཡོད་པ་རེད།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དོན་གྲུབ་དབང་ཆེན་ལགས་ཀྱིས། གཟེངས་རྟགས་འདི་ང་ལ་མཚོན་ན་དེ་ནི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་དང་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ལ་ངོ་འཛིན་ཞུ་ཡི་ཡོད། བོད་ནང་གི་གནས་སྟངས་ནི་ཧ་ཅང་གི་ཛ་དྲག་ཆགས་ཡོད། བོད་ནི་བཙོན་ཁང་ཆེ་ཤོས་ཤིག་ཏུ་གྱུར་ཡོད་རེད། དེ་རིང་འདིར་རྣམ་པ་ཚང་མས་བོད་ཀྱི་གནས་སྟངས་འདི་སའི་གོ་ལ་འདིའི་ཐོག་ལ་དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་བ་ཡིན། ཅེས་བརྗོད་འདུག

དེ་ཡང་༢༠༡༨ལོའི་ཟླ༡༡་ཚེས་༢༠ཉིན། བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་ཐོག་ལ་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་དེ་དངོས་སུ་གནང་ཡོད་པ་རེད།

ཁོང་གཟེངས་རྟགས་བཞེས་ནས་མཛད་སྒོ་ཐོག་ལ་གསུང་དོན། ཐོག་པར་རྣམ་པ་ཚང་མར་བཀྲིས་བདེ་ལེགས་ཞུ། དེ་རིང་CPJ(Committee to Protect Journalism)་ང་འདིར་སྐད་བཏང་ནས་ཚང་མ་མཉམ་དུ་མཉམ་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ང་དང་གྲོགས་པོ་ཁ་ཤས་དང་མཉམ་དུ་༢༠༠༨ལོའི་རྒྱ་ནག་ནང་དངོས་ཡོད་གནས་ཚུལ་ཕྱིར་འཛམ་གླིང་ཐོག་དྲིལ་བསྒྲགས་བྱས་པའི་ཆེད་དུ་གློག་བརྙན་དེ་བཟོས་པ་རེད། དེར་བརྟེན། ང་ལ་མནར་གཅོད་ཚད་མེད་བཏང་ནས་ལོ་ངོ་དྲུག་གི་རིང་བཙོན་དུ་བཅུག་སོང་། མཐའ་མ་དེ་ངས་ཉེན་ཁ་མང་པོ་ཞིག་བརྒྱུད་ནས་ཨ་རིར་འབྱོར་བྱུང་བ་རེད།

ཁོང་གིས་མ་མཐུན་ནས་གསུང་དོན། ༢༠༠༨ལོ་ནས་བཟུང་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཆགས་ནས་བོད་མི་༡༦༠ལྷག་གིས་རང་ལུས་མེར་བསྲེག་བཏང་ཡོད་རེད། འོན་ཀྱང་། རྒྱ་གཞུང་གིས་དེར་ངོས་ལེན་བྱེད་ཀྱི་ཡོད་མ་རེད། ༢༠༡༢ལོར་CPJ ཡིས་ང་ལ་གཟེངས་རྟགས་གནང་ཡོད་རེད། གཟེངས་རྟགས་འདི་ང་ལ་མཚོན་ན་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་དང་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ལ་ངོ་འཛིན་ཞུ་ཡི་ཡོད། བོད་ནང་གི་གནས་སྟངས་ནི་ཧ་ཅང་གི་ཛ་དྲག་ཆགས་ཡོད། བོད་ནི་བཙོན་ཁང་ཆེ་ཤོས་ཤིག་ཏུ་གྱུར་ཡོད་རེད། དེ་རིང་འདིར་རྣམ་པ་ཚང་མས་བོད་ཀྱི་གནས་སྟངས་འདི་སའི་གོ་ལ་འདིའི་ཐོག་ལ་དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་བ་ཡིན།

དོན་གྲུབ་དབང་ཆེན་ལགས་ནས་འཇིགས་བྲལ་ཞེས་པའི་དངོས་དོན་གློག་བརྙན་ཕབ་སྐྲུན་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ནང་ཟིང་སློང་རྒྱུད་སྐུལ་བྱེད་པའི་ནག་ཉེས་གཡོགས་ཏེ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་བཙོན་ཁང་ནས་ཁོང་ཀློད་གྲོལ་བཏང་རྗེས། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་རེད།

༢༠༡༧ལོའི་ཟླ༡༢ཚེས་༢༥ ཉིན། འཇིག་བྲས་ཞེས་པའི་གློག་བརྙན་ཕབ་བསྐྲུན་བྱེད་མཁན་དོན་འགྲུབ་དབང་ཆེན་ལགས་ཨ་རིའི་ཁ་ལི་ཧྥོར་ནེ་ཡའི་གྲོང་ཁྱེར་སན་ཧྥི་རན་སི་ཁོ་( San Francisco )ནང་འབྱོར་ཏེ་བཟའ་མི་རྣམས་ལྷན་འཛོམས་བྱུང་ཡོད་པ་རེད།

དོན་གྲུབ་དབང་ཆེན་ལགས་ཨ་རིར་འབྱོར་མ་ཐག་ཁོང་གིས། ལོ་མང་གི་རྗེས་སུ་ང་ལ་ཉེན་མེད་བདེ་འཇགས་དང་རང་དབང་གི་འཚོ་བར་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་རིང་ཐོག་མ་དེ་ཡིན། སྙིང་ཉེ་བའི་ནང་མི་ཚོར་མགྱོགས་མྱུར་ངང་ཐུགས་འཕྲད་ཡོང་བའི་གོ་སྐབས་སྐྲུན་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ་རང་གི་ལུང་པ་རྒྱབ་ཏུ་བཞག་དགོས་བྱུང་སོང་། ཞེས་བརྗོད་འདུག

རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ནི་(CPJ)་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཁྲོད་གསར་འགོད་རང་དབང་ཐོག་སྙིང་སྟོབས་ཞུམ་པ་མེད་པར་ཕྱག་ལས་གནང་མཁན་གྱི་མི་སྣ་རྣམས་ལ་ཕུལ་སྲོལ་ཡོད་པ་རེད་འདུག ༢༠༡༨ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ནི་སུ་དཱན་དང་ཝི་ཏི་ནམ། ཝེ་ནི་ཛུའུ་ལ། དེ་བཞིན་ཡོ་ཁི་རན་གྱི་བུད་མེད་གསར་འགོད་པར་གནང་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།