16
Tue, Apr

དཔལ་ལྡན་སྲིད་སྐྱོང་མཆོག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཡི་སྤྱི་ཁྱབ་བློན་ཆེན་གསར་བར་ཇའི་རམ་ཐོའི་ཁོར(Jai Ram Thakur) དང་བློན་ཆེན་གཞན་དག པར་བ་ཆོས་ཉིད།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༡།༠༩ཉིན་སྤེལ། དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ཧི་མ་ཅལ་མངའ་སྡེ་ཡི་སྤྱི་ཁྱབ་བློན་ཆེན་གསར་བ་འདེམས་ཐོན་བྱུང་བར་འཚམས་འདྲི་ཐུགས་ཕྲད་གནང་སོང་།

དེ་ཡང་སྔ་དྲོའི་ཚོུད་ ༨།༠༠ ཐོག རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་རི་འདབས་སུ་ཡོད་པའི་ཁྲིམས་དོན་ཁང་པའི་(Circuit House )ནང་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཡི་སྤྱི་ཁྱབ་བློན་ཆེན་གསར་བར་ཇའི་རམ་ཐོའི་ཁོར(Jai Ram Thakur)མཆོག་ལ་འཚམས་འདྲིའི་མཛད་སྒོ་ཞིག་ཚོགས་པ་དང་། སྐབས་དེར་ཧི་མ་ཅལ་མངའ་སྡེ་ཡི་བློན་ཆེན་ལྔ་དང་སྤྱི་ཁྱབ་དྲུང་ཆེ་སོགས་ཕེབས་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཀྱང་འཚམས་འདྲིའི་ཐུགས་ཕྲད་བཅར་སོང་།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཕྲད་སྐབས་སུ། “གཞི་རྩའི་རྒྱ་གར་གཞུང་དང་མི་མང་གིས་བོད་དོན་ལ་ཐུགས་ཁུར་གནང་ཡོད་པ་ལྟར་ཧི་མ་ཅལ་མངའ་སྡེ་ནས་གནང་ཡོད་པ་རེད། ལྷག་པར་དུ་ཧི་མ་ཅལ་མངའ་སྡེ་མི་མང་གིས་དམིགས་གསལ་གྱིས་བོད་དོན་ལ་ཐུགས་ཁུར་གནང་ཡོད་པ་རེད། རྒྱུ་མཚན་ནི། ༧གོང་ས་མཆོག་བཞུགས་སྒར་ངྷ་སར་བཞུགས་ཏེ་ལོ་ ༥༠ ལྷག་ཅིག་འགྲོ་ཡོད་ཅིང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་ལས་ཁུངས་ཁག སློབ་གྲྭ་ཁག་འདིར་ཡོད་པ་ལ་ད་ལྟའི་བར་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་གནང་། སྤྱི་ཁྱབ་བློན་ཆེན་ཁོང་གིས་ཀྱང་དབུས་གཞུང་དང་མངའ་སྡེ་གཞུང་ནས་སྔོན་ཆད་རྒྱབ་སྐྱོར་གནང་བ་ལྟར་ད་ལྟ་ཡང་རྒྱབ་གནང་གི་ཡིན་ཞེས་གསུངས་བ་དང་མཉམ་དུ། ༧གོང་ས་མཆོག་ལ་འཚམས་འདྲི་དང་༧གོང་ས་མཆོག་ཕྱིར་ངྷ་སར་ཕེབས་དུས་མཇལ་ཁར་བཅར་གྱི་ཡིན་པ་བཅས་གསུང་སོང་། ” ཅེས་ཡུལ་དངོས་ཀྱི་གནས་ཚུལ་མདོར་བསྡུས་པ།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།